ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་མེ་ཏོག་རྫོང་གིས་ཇ་ལོ་ཆུང་ཆུང་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་བཏོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 དུས་ཀྱི་ལམ་པའི་འཕྲིན། བོད་ལྗོངས་ཉིང་ཁྲི་མེ་ཏོག་རྫོང་ནི་ཧི་མ་ལ་ཡ་རི་རྒྱུད་ཤར་སྣེ་ལྷོ་རྒྱུད་དང་ཡར་ཀླུང་གཙང་བའི་སྨད་རྒྱུད་དུ་གནས་བས། རི་མཐོའི་ཇ་ལོ་འདེབས་འཛུགས་བྱེད་པར་འོས་ཤིང་འཚམ་པ་ཡིན། ཉེ་བའི་ལོ་ཤས་རིང་། མེ་ཏོག་རྫོང་གིས་ཧུར་ཐག་གིས“ཁེ་ལས+རྟེན་གཞི+མཉམ་ལས་ཁང+ཞིང་ཁྱིམ”གྱི་འཕེལ་རྒྱས་དཔེ་དབྱིབས་ཁྱབ་གདལ་དུ་བཏང་ནས། ཞིང་འབྲེལ་ཞིང་ཁྲིད་ཁེ་ཕན་སྦྲེལ་བའི་ལམ་ལུགས་བཙུགས་ཏེ་ནུས་ལྡན་ངང་ཇ་ལོའི་ཁེ་ལས་དང་ཇ་ལོ་འདེབས་འཛུགས་ཞིང་བའི་ཧུར་སེམས་རང་བཞིན་བཏོན་པས། ཇ་ལོ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བྱས།

རྒྱུས་ལོན་ལྟར་ན། 2023ལོར་མེ་ཏོག་རྫོང་གི་ཇ་ལོ་འཐོག་ཚད་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ནས་རྒྱ་མ་ཁྲི50.2ཟིན་ཞིང་། ཐོན་རྫས་རིན་ཐང་སྒོར་ཁྲི2800ཟིན་པ་དང་མང་ཚོགས་འབབ་འཕར་སྒོར་ཁྲི512.6མངོན་འགྱུར་བྱུང་། ཇ་ལོ་ཐོན་ལས་ནི་རོང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི“གསེར་གྱི་ལོ་མ”རུ་གྱུར་ཡོད། །


དགྱེ་གླིང་གྲོང་ཚོའི་མེ་ཏོག་པད་མའི་ལྗོངས་གཟིགས་སྟེགས་བུ།


གོར་གོར་ཐང་དང་ཇ་ཞིང་།


བར་སྣང་ནས་གོར་གོར་ཐང་ལྗོངས་གཟིགས་སྟེགས་བུ་པར་བླངས་པ།


མེ་ཏོག་རྫོང་མོན་པ་རིགས་ཀྱི་ཞིང་བས་ཇ་ལོ་བཏོག་བཞིན་པ།


མེ་ཏོག་རྫོང་མོན་པ་རིགས་ཀྱི་ཞིང་བས་ཇ་ལོ་བཏོག་བཞིན་པ།


བཏོག་པའི་ཇ་ལོ།

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།