ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁའི་བཀྲ་ཤིས་མཆོད་རྟེན་གཞིས་ཁུལ་གྱིས་ཁྱིམ་ཚང་མགྲོན་ཁང་ལ་བརྟེན་ནས་དམངས་ཕྱུག་འབབ་འཕར་མངོན་འགྱུར་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 undefined

འདི་ནི་ཡུལ་སྐོར་པ་ཚོས་བཀྲ་ཤིས་མཆོད་རྟེན་གཞིས་ཁུལ་ནས་པར་རྒྱག་བཞིན་པའི་ཚུལ་རེད།

དུས་ཀྱི་ལམ་པའི་འཕྲིན། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་གཞིས་ཁུལ་གྱིས་ལྷ་མོ་ཟློས་གར་རིག་གནས་ཐོན་ཁུངས་དང་རྨང་གཞིའི་སྒྲིག་བཀོད་ལེགས་ཆ། འཚོ་སྡོད་ཁོར་ཡུག་ལེགས་བཅོས་གྲུབ་འབྲས་ལ་བརྟེན་ནས་ནུས་ཤུགས་ཆེན་པོས་ཁྱིམ་ཚང་མགྲོན་ཁང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་བཏང་ཞིང་།“ལྷ་མོ་ཟློས་གར་གྲོང་ཚོ་དང་པོའི”ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་ཚོགས་དང་རིག་གནས་མཛེས་པ། དམངས་སྲོལ་མཛེས་པ་བཏོད་དེ་རྒྱལ་ཡོངས་ས་ཆ་སོ་སོའི་ཡུལ་སྐོར་པ་གནས་དེར་ཡུལ་སྐོར་བྱེད་དུ་ཡོང་བར་བཀུག བཀྲ་ཤིས་མཆོད་རྟེན་གཞིས་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་པ་སངས་ཚེ་རིང་གིས་ངོ་སྤྲོད་ལྟར་ན། བཀྲ་ཤིས་མཆོད་རྟེན་གཞིས་ཁུལ་དུ་ད་ལྟ་ཁྱིམ་ཚང་མགྲོན་ཁང82མལ་ཁྲི680ཡོད་པ་དང་། མིག་སྔའི་བར་དུ་ཡུལ་སྐོར་པ་མི་ཁྲི7ལྷག་སྣེ་ལེན་བྱས་ནས་རིགས་སོ་སོའི་ཡོང་འབབ་སྒོར་ཁྲི500ཟིན་ཡོད་ཟེར། །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།