ཀྲུང་གོ་བོད་ཀྱི་དྲ་བ།

འཆམ་མཛེས་སྡེ་བའི་དར་སྤེལ་གྱི་ལམ་ཁ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2024-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞོམ་འགུ་སྡེ་བའི་སྡེ་མི་རྣམས་ཀྱིས་ལས་པའི་ཐོན་རྫས།

དགུན་མགོ་མའི་ཉི་འོད་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དཔལ་ཐང་ཞང་ཞོམ་འགུ་སྡེ་བར་འཕྲོས་པས་སྡེ་བ་དེ་མཛེས་ཤིང་སྐྱིད་པར་གནས་ལ། ཡུལ་དེའི་གཙང་ཞིང་གྲ་དག་པའི་སྲང་ལམ་ནས་ཕར་ལ་བལྟས་ན་ཕྱོགས་བཞི་ས་གྱང་གིས་བསྐོར་བའི་སྡོད་ཁང་དག་རིམ་པ་ལྟར་གྲལ་ཕྲེང་བསྒྲིགས་ཤིང་། ཁྱིམ་ཚང་རེ་རེའི་སྒོ་ཁ་ན་ཤིང་གིས་བསྐོར་བའི་སྐྱེ་དངོས་ར་བ་རེ་ཡོད་པས་མིར་སྤྲོ་སྣང་སྦྱིན་པ་ཞིག་རེད།

ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་ཚོད་ལྟའི་དཔེ་སྟོན་སྡེ་བ་དང་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཡུལ་སྐོར་དཔེ་སྟོན་སྡེ་བ་ཡིན་པའི་དཔལ་ཐང་ཞང་ཞོམ་འགུ་སྡེ་བས་རང་བྱུང་གི་ཆ་རྐྱེན་བཟང་པོ་དང་སྲོལ་རྒྱུན་དམངས་སྲོལ་གྱི་རིག་གནས་ལ་བརྟེན་ནས་ས་བབ་དང་བསྟུན་པ་དང་། གྲོང་གསེབ་དར་སྤེལ་འཕེལ་རྒྱས་ཀྱི་བྱེད་ཐབས་ཧུར་བརྩོན་གྱིས་འཚོལ་སྙེག་བྱས་ཏེ། ཀྲི་པུའུ་སྟོབས་ལྡན་དང་ཐོན་ལས་གོང་འཕེལ། རིག་གནས་དར་རྒྱས། སྐྱེ་ཁམས་དམིགས་བསལ། འཇོན་མི་གཅིག་སྡུད་བཅས་བྱས།

2021ལོར། སྐབས་བརྗེ་འདེམ་བསྐོ་བྱས་པ་བརྒྱུད། ཞོམ་འགུ་སྡེ་བས“ཨུ་ཡོན་ལྷན་ཁང་གཉིས”ལེགས་པོར་བདམས་ནས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མི“གསུམ་འཕར་གཅིག་འབེབས”མངོན་འགྱུར་བྱས། དེར་མ་ཟད་སྡེ་བའི་ཏང་ཀྲི་པུའུ་ཡི“བཙན་རྫོང་འགུལ་སྐྱོད”དང་ཏང་ཡོན་གྱི“དཔེ་སྟོན་འགུལ་སྐྱོད།”ཏང་ཡོན་གྱི“སྐར་གསོག་ལུགས་ཀྱི་སྐར་རིམ་ཅན་གྱི་དོ་དམ”གྱི་དཔྱད་འཇོག་བྱ་བ་དངོས་སྒྲུབ་ལེགས་སྒྲུབ་བྱས་པ་དང་། གྲོང་གསེབ་དར་སྤེལ་གྱི་གཙོ་གནད་ལས་གཞི་དང་དམ་པོར་སྦྲེལ་བ། རྩ་འཛུགས་ཀྱི་འཚོ་བའི་ལམ་ལུགས་ནན་གྱིས་དངོས་འབེབས་བྱས་པ། ཏང་ཡོན་གྱི་ཡིག་ཚགས་དོ་དམ་ཚད་ལྡན་དུ་གཏོང་བ་བཅས་ཀྱིས་ཏང་ཡོན་ཚང་མར་དོ་དམ་བྱས་ཏེ། ཏང་རྩ་འཛུགས་དངོས་གནས་དངོས་སྒྲུབ་ཅན་དུ་བསྒྱུར།

ཀྲི་པུའུ་ཡི་སྣེ་ཁྲིད་འོག་ཏུ། སྡེ་བ་གང་བོའི་ཞིང་ས་སྤྱི་ཆིང103ཧྲག་སྡེབ་བྱས་ཏེ། ཚད་གཞི་མཐོན་པོའི་སྒོ་ནས་ཞིང་ས་འཛུགས་སྐྲུན་བྱས་པ་དང་ཞིང་ལས་ལོ་ཏོག་ས་བོན་གྱི་སྤུས་ཚད་གྲུབ་ཚུལ་ལེགས་སྒྲིག་བྱས། ལྗང་མདོག་སྐྱེ་ལྡན་ནས་ནག་དང་སྐྱེ་ལྡན་ཞོག་ཁོག སྐྱེ་ལྡན་ལོག་དཀར་སོགས་ཀྱི་ལོ་ཏོག་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་སུ་བཏང་ནས་བཏབ་པས། ཞིང་ལས་ཐོན་རྫས་ཀྱི་མཁོ་འདོན་རྒྱུ་སྤུས་དང་ཕན་འབྲས་མཐོར་འདེགས་བྱུང་། དུས་མཚུངས་སུ། ཐོན་ལས་དང་མཛེས་ལྗོངས་ཟུང་འབྲེལ་གྱི་བྱེད་སྟངས་ལ་བརྟེན་ནས་སྐྱེ་ཁམས་ཞིང་ལས་དང་ཡུལ་སྐོར་གྱི་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་། བཙུགས་པའི“ཤིང་སྡོང”དེ“དཔག་བསམ་ཤིང”ལ་འགྱུར་དུ་བཅུག་ནས། མང་ཚོགས་སྔར་བས་མང་པོ་ཞིག་ལ“སྐྱེ་ཁམས་ཀྱི་ཟ་མ”ཟ་རུ་བཅུག

“ཞོམ་འགུ་སྡེ་བ་མཚོ་ངོས་ལས་ལྟོས་བཅས་ཀྱིས་ཅུང་དམའ་ལ་རང་བྱུང་ཁོར་ཡུག་ཅུང་བཟང་བས། འདེབས་འཛུགས་དང་ཡུལ་སྐོར་ནི་སྡེ་བའི་ཁྱད་ལྡན་ཐོན་ལས་སུ་གྱུར་ཡོད། ལོ་འདི་འགའི་རིང་ལ། མཉམ་ལས་ཁང་གི་ནས་ནག་དང་ལོག་དཀར་སོགས་ཀྱི་སྐྱེ་ལྡན་ཞིང་ལས་ལོ་ཏོག་གི་རྒྱུ་སྤུས་བཟང་བས་སྙན་གྲགས་རྒྱས་བཞིན་ཡོད། དབྱར་ཁར་ཡུལ་སྐོར་ཡང་ཤིན་ཏུ་བྲིན། ཁྱད་ལྡན་འགྲུལ་ཁང་དང་ཁམས་གསོ་ལྟེ་གནས་སུ་མངག་ཉོ་བྱེད་མཁན་མང་བས། ད་ལོའི་དུས་གཞུང་ལ་མཚོན་ན་རང་འདེགས་ཡུལ་སྐོར་དང་ཉམས་ལེན་ཡུལ་སྐོར་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད་ཡུལ་སྐོར་པ་མི་ཐེངས་ཁྲི10ལ་སླེབས་ཤིང་ཡུལ་སྐོར་འཛད་སྤྱོད་སྒོར་ཁྲི377ལ་སླེབས། གཞུག་ཕྱོགས། ང་ཚོས་དགུན་དུས་ཡུལ་སྐོར་ཡང་གཉེར་རྒྱུ་ཡིན་ལ། གངས་འཁྱགས་ཡུལ་སྐོར་དང་གངས་ཤུད་ར་བའི་འཆར་གཞིའང་བཀོད་ཡོད”ཅེས་ཞོམ་འགུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བུ་ཉི་མས་དེ་ལྟར་བཤད།

ཞོམ་འགུ་སྡེ་བས་ད་རུང་རང་ཡུལ་གྱི་དམངས་སྲོལ་རིག་གནས་སྔོག་འདོན་གང་ལེགས་བྱེད་པ་དང་། སྲོལ་རྒྱུན་གྱི་འཚེམ་བཟོ་ལག་རྩལ་དང་ལག་ཤེས་འཚེམ་བཟོའི་སྲོལ་རྒྱུན་ལག་རྩལ་ཀྱང་མཉམ་ལས་ཁང་གི་ལས་གཞིའི་ནང་དོན་དུ་བཞག་ནས། དམངས་ཁྲོད་ཀྱི་ལག་ཤེས་སྒྱུ་རྩལ་པ་མང་པོ་མཉམ་ལས་ཁང་དུ་བསྡུ་རྒྱུ་དང་། སྐབས་དེར་སྡེ་བའི་ལག་ཤེས་སྒྱུ་རྩལ་པ་བུད་མེད་བཞི་རེ་ལྔ་རེས་མཉམ་དུ་ཁ་བརྡ་བྱེད་ཞོར་འཚེམ་བཟོའི་ལས་ལ་ཞུགས་ཏེ། ལག་ཤེས་ཀྱི་དམངས་སྲོལ་ཐོན་རྫས་དག་མ་སྤྱི་ཚོགས་སྟེང་བཙོང་ཆོག དེ་ལྟར་བྱས་ན་ཉིན་རྒྱུན་གྱི་འཚོ་བ་ཕུན་སུམ་ཚོགས་ལ་མང་ཚོགས་ཀྱི་ཡོང་སྒོའང་འཕར་ཐུབ།

“ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ཇེ་མང་ནས་ཇེ་མང་རེད། ད་ལྟ། སྡེ་བས་ཐོན་ལས་མི་འདྲ་བ་འཕེལ་རྒྱས་སུ་བཏང་བས། ཞིང་པའི་སྤྲོ་སྐྱིད་ཁང་དང་འགྲུལ་ཁང་། ཁམས་གསོ་སོགས་ཚང་མས་སྡེ་མི་རྣམས་ལ་ཡོང་སྒོ་སྤར་བཞིན་ཡོད། འདི་དག་ཚང་མ་ཞོམ་འགུ་སྡེ་བའི་དར་སྤེལ་ལམ་གྱི་རམ་འདེགས་ལེགས་པོ་དང་འགན་སྲུང་བརྟན་པོ་ཡིན”ཞེས་བུ་ཉི་མས་དེ་ལྟར་བཤད།

དགུན་ཁའི་ཞོམ་འགུ་སྡེ་བ་རུ་ཐགས་སུ་བཀྲ་བའི་ཚང་ཚིང་དང་སྔོ་ལྗང་གི་རི་བོ་མི་མཐོང་རུང་། “རི་སྔོ་ཆུ་དྭངས། མཛེས་སྡུག་ཞོམ་འགུ”ཡི་སྐྱེ་ཁམས་རང་མདངས་ཇེ་གསལ་ནས་ཇེ་གསལ་རེད། མིག་སྔར། སྡེ་བ་གང་བོའི་ཁྱིམ་ཚང17གྱིས་ཞིང་སྡེ་གསང་སྤྱོད་ཁང་གསར་བརྗེ་བྱས་ཚར་བ་དང་། དེར་མ་ཟད། སྡེ་བ་རིམ་པའི་གད་སྙིགས་རིམ་བགར་གནོན་སྐུམ་གྱི་སྐྱེལ་འདྲེན་ས་ཚིགས་ལ་བརྟེན་ནས། སྡེ་བའི་ནང་དུ་ཁྱིམ་ཚང་གད་སྙིགས“རིགས་བགར+གནོན་སྐུམ+སྐྱེལ་འདྲེན”བཅས་ཀྱི་ས་ཚིགས་གཅིག་ནས་ཐག་གིས་གཅོད་པ་ལག་བསྟར་བྱས་ཡོད། དུས་མཚུངས་སུ་འགྱིག་འགོག་ཅན་ལག་བསྟར་བྱེད་བཞིན་ཡོད་པས་སྡེ་བའི་ཁོར་ཡུག་གཙང་སྦྲ་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་ཡོད། “འདི་ལྟ་བུའི་ཁོར་ཡུག་ནི་ད་གཟོད་གནམ་སྔོན་པོ་དང་སྤྲིན་དཀར་པོར་མཛའ་བ་རེད”ཅེས་བུ་ཉི་མས་དེ་ལྟར་བཤད།

ཁོར་ཡུག་སྲུང་སྐྱོབ་ལ་བསྟུད་མར་ཕན་འབྲས་ཐོན་དུ་འཇུག་ཆེད། ཞོམ་འགུ་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་སྡེ་བའི་ནང་གི་རོང་འབྲོག་པར་རང་ཚང་གི་ཁང་པའི་མདུན་རྒྱབ་ལ་འགན་འཁུར་བའི“གཙང་སྦྲའི་སྤྱི་ཆིངས”བཞག་པས། སྡེ་བ་གང་བོས་མཉམ་དུ་བརྩི་སྲུང་དང་མཉམ་དུ་སྲུང་སྐྱོབ་བྱེད་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དྲ་བ་ཞིག་ཆགས་ཡོད་ལ། “རི་སྔོ་ཆུ་དྭངས། མཛེས་སྡུག་ཞོམ་འགུ”ཞེས་པའི་སྐྱེ་ཁམས་ཟོང་རྟགས་དེ་ཇི་མ་ཇི་བཞིན་དུ་གྲོང་གསེབ་དར་སྤེལ་གྱི་གོ་རིམ་ཧྲིལ་པོར་ཁྱབ་ཏུ་འཇུག་པ་དེ་སྡེ་བ་གང་བོ་དང་ཏང་ཡོན་དང་མང་ཚོགས་ཡོངས་རྫོགས་ཀྱི་འགུལ་སྐྱོད་ཀྱི་རང་རྟོགས་དང་སྡེ་བའི་ལེགས་ཆའམ་ཁོག་དཔུང་ཞིག་ཏུ་འགྱུར་དུ་འཇུག་རྒྱུ་རེད།

“ང་ནི་གུང་ཁྲན་ཏང་ཡོན་རྒན་པ་ཞིག་ཡིན། དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་ལས་སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་ངས་མིག་གིས་མཐོང་བ་ཡིན། ཏང་གི་མགོ་ཁྲིད་མེད་ན་འཕེལ་རྒྱས་ལེགས་པོ་ཞིག་གང་ན་ཡོད་དམ། སྡེ་བའི་ཏང་ཀྲི་པུའུ་ནི་སྣེ་ཁྲིད་པ་ཡིན་པས་ཏང་ཀྲི་པུའུ་དར་བར་མང་ཚོགས་ཚང་མས་བསྟོད་པའི་མཐེ་བོང་སྒྲེང་བཞིན་ཡོད། ད་ལྟ། སྡེ་བའི་ཐུན་མོང་དཔལ་འབྱོར་དང་ཐོན་ལས་མཉམ་ལས་ཁང་དེ‘སྡེ་བའི་ཨུ་ཡོན་ལྷན་ཁང’དང་ཚང་མས་མཉམ་དུ་ཧུར་བརྩོན་བྱས་པ་ལ་བརྟེན་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་ཞིང་སྟོབས་ལྡན་དུ་གྱུར་པ་དང་། རང་འགུལ་གྱིས་དེའི་ནང་དུ་ཞུགས་མཁན་ཡང་ཇེ་མང་ནས་ཇེ་མང་རེད། འདེབས་འཛུགས་བྱེད་མཁན་ཚོས་འདེབས་འཛུགས་བྱེད་པ་དང་། ལས་ཚོགས་ལ་འགྲོ་མཁན་ཚོ་ལས་ཚོགས་ལ་འགྲོ་བ་སོགས་ཚང་མས་རང་ཉིད་ལ་འཚམ་པའི་ཡོང་འཕར་གྱི་ཐབས་ལམ་ཞིག་རྙེད་ཡོད། ཡོང་སྒོ་ལོ་རེར་ཇེ་མང་དང་འཚོ་བའི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་ཕྱིན་ཡོད་པས། ང་ཚོའི་བདེ་སྐྱིད་ཀྱི་འཚོ་བ་ད་རུང་གཞུག་ན་ཡོད”ཅེས་སྡེ་མི་བུ་བཀྲས་བཤད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།