བརྙན་ཐུང《ཉི་འོད་ཀྱིས་ཁེངས་པའི་ལམ་དུ》

信息网络传播视听节目许可证

བརྙན་ཐུང《ཉི་འོད་ཀྱིས་ཁེངས་པའི་ལམ་དུ》ཞེས་པ་འདི་ནི་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་ཕབ་སྐྲུན་བྱས་པ་དང་།ཀྲུང་གོ་བོད་ཀྱི་དྲ་བས་རོགས་སྒྲུབ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ལེགས་སྐྱེས་ཤིག་ཡིན། གྲོང་གསེབ་དར་སྤེལ་གཏོང་བ་ནི་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ལོན་པའི་རྗེས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་ལས་འགན་གལ་ཆེན་ཡང་ཞིག་རེད།བརྙན་ཐུང་འདིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གི་འབྲོག་པའི་བདེ་སྐྱིད་ལྡན་པའི་འཚོ་བའི་གཏམ་རྒྱུད་ཅིག་གཞིར་བཟུང་ནས་ཕབ་པ་དང་།ཕྱི་འགྲིམ་སློབ་མ་ཞིག་ཕ་ཡུལ་དུ་ལོག་ནས་ས་གནས་དེ་གས་གྲོང་གསེབ་དར་སྤེལ་དང་འཕེལ་རྒྱས་ཤུགས་ཆེན་བཏང་བ་ལས་བྱུང་བའི་ལས་གཏོད་གོ་སྐབས་མཐོང་རྗེས།ཕ་ཡུལ་དུ་བསྡད་དེ་རྫོང་མཁར་དུ་གློག་རྡུལ་ཚོང་དོན་གཉེར་བའི་ཕུ་བོ་དང་མཉམ་དུ་ཉེ་འཁོར་གྱི་རོང་འབྲོག་པའི་སྣེ་ཁྲིད་དེ་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱས་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་པའི་ཐོག་བསྐྱོད་འདོད་ཀྱི་བསམ་བློ་བསྟན་ཡོད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།