རིམས་ནད་ཕར་སྤྱུགས་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་སྣོན་བྱེད།

信息网络传播视听节目许可证

ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ།ཡིད་ཆེས་བརྟན་པོ་དང་།ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་བྱེད་ཕྱོགས་ལྟར་སྲིད་ཇུས་མཐུན་སྦྱོར་དང་དངོས་ཟོག་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཞིང་།ཧུར་ཐག་སྒོས་རང་འགན་གཙང་སྒྲུབ་དང་།དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་རིམས་ནད་ཚོད་འཛིན་ལས་དོན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཆེན་པོ་ཐོན་ཡོད།དེ་ནི་ས་གནས་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་གློ་ཚད་རིམས་ནད་ཤུགས་རྐྱེན་དམའ་རུ་བཏང་བ་དང་།དཔལ་འབྱོར་འཁོར་སྐྱོད་བརྟན་འཇགས་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་ཤུགས་བསྣན་ཏེ་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་དམིགས་ཚད་འགན་འཁྲི་ཁག་དོན་འཁྱོལ་བྱས་པ་མཚོན་པས།འདིར་མུ་མཐུད་དུ་ངེད་ཀྲུང་གོ་བོད་ཀྱི་དྲ་བས་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་དཔའ་ཐར་རྒྱལ་ལགས་ལ་བཅར་འདྲི་ཞིག་བྱེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།