འཕྲོད་བསྟེན་ལ་བསྟེན་ཤེས་བྱས་ཚེ། ནད་ཡམས་ལ་དངངས་སྐྲག་མི་དགོས།

信息网络传播视听节目许可证

མི་དམངས་ནི་རྒྱལ་ཁབ་ཀྱི་བདག་པོ་དང་། རྒྱལ་ཁབ་ནི་མི་དམངས་ཀྱི་ཁྱིམ་གཞིས་ཆེན་པོ་ཞིག་ཡིན། དར་བ་དང་རྒུད་པ་འཇིག་རྟེན་ལུགས་ཀྱི་ཆོས་ཉིད་ཅིག་ཏུ་གྲུབ་ནའང་། ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་དང་། བདེ་སྐྱིད་ཀྱི་འཚོ་བའི་བདེ་སྡུག་གི་ཆེད་དུ་སྐད་ཅིག་ཙམ་ལ་ཡང་དམངས་ཀྱི་རེ་བ་སྣང་མེད་དུ་བཞག་མ་མྱོང་ལ། ཏང་དང་སྲིད་གཞུང་གི་ལས་ཁུངས་དང་ལས་བྱེད་བཟང་པོས་ཏང་གི་བཀའ་རྒྱ་སྙིང་ལ་བཅངས་ནས་བརྗིད་ཆེ་བའི་དར་ཆ་མཐོ་རུ་བསྒྲེངས་ཞིང་སྲིད་བཟང་ངག་ལ་དྲངས་ཏེ་གངས་རིའི་སྤོ་དང་། ཡངས་བའི་རྩྭ་ཐང་ཀུན་ལ་ཁྱབ་པར་བྱས། གནད་འགག་གི་དུས་ལ་བུ་ལ་སྙིང་ཕུར་དང་ལྕགས་ལ་རྣོ་བསྣན་པ་བཞིན་དཀའ་སྡུག་ལ་མགོ་བོ་མི་སྒུར་བ་མ་ཟད། ནམ་ཡང་མང་ཚོགས་ཀྱི་མདུན་དུ་བུད་ནས་དཀའ་སྡུག་གི་གདོང་བསུ་མཁན་དེ་ཡིན། དེ་བས་གཤམ་ནས་ང་ཚོས་ཡུས་ཧྲུའུ་ཁུལ་ཁྲི་འདུ་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ་ཡི་ཅུའུ་ཀྲང་བསྐལ་བཟང་དཔལ་མོ་ལགས་བཅར་འདྲི་ཞིག་བྱེད་ལ་ཁོ་ཚོས་རིམས་ནད་སྔོན་འགོག་སྐོར་བསྒྲུབས་པའི་གནས་ཚུལ་དངོས་ལ་རྒྱུས་ལོན་ཞིག་བྱེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།