ཁྲིམས་སྲུང་རིམས་འགོག་བདེ་བའི་གོ་ཁྲབ་ཡིན།

信息网络传播视听节目许可证

གྲོགས་པོ་རྣམ་པ།ཉིན་འདི་འགར་ཕྱོགས་སོ་སོར་རིམས་འགོག་གི་འཐབ་རྩོད་དྲག་ཏུ་ལངས་ནས་ནད་ཡམས་འཁྱར་ཡན་དུ་མི་འགྲོ་བར་ཚོད་འཛིན་ཆེར་བྱེད་ཀྱི་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་ཡང་དག་གི་དབུ་ཁྲིད་དང་མཛུབ་སྟོན་ལ་བརྟེན་རང་ཞིང་གི་ས་ཆ་སོ་སོར་གསར་བྱུང་གི་ནད་པ་མ་བྱུང་བར་མ་ཟད། དྲག་བསྐྱེད་བྱུང་བའང་རྒྱལ་ཡོངས་ཀྱི་རྩེ་སོན་གྱི་གྲས་ཡིན། དེ་ནི་ཁུལ་དང་རྫོང་། ཤང་ཁག་སོ་སོའི་འབྲེལ་ཡོད་མགོ་ཁྲིད་ལས་བྱེད་མི་སྣ་དག་གི་འབད་བརྩོན་གྱི་གྲུབ་འབྲས་ཤིག་ཅི་ལ་མིན། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གིས་ཀྱང་རིམས་ནད་ནི་བཀའ་རྒྱ་ཡིན་ལ། རིམས་འགོག་ནི་འགན་འཁྲི་ཡིན་པའི་རྩ་དོན་སྙིང་ལ་བཟུང་ཞིང་གོང་འོག་བར་གསུམ་དུ་ཏོག་གསར་གློ་ཚད་ལ་རྒོལ་བའི་མཐུན་སྒྲིལ་དཔུང་ཁག་བཙུགས་སྟེ། སྡེ་བ་རེ་རེ་དང་ཁྱིམ་ཚང་རེ་རེ། མི་རེ་རེར་གནད་འགག་གི་སྐབས་སུ་ཇི་ལྟར་རིམས་ནད་སྔོན་འགོག་དང་ཇི་ལྟར་བཀའ་རྒྱ་དང་ལེན། ཇི་ལྟར་ཀུན་སྤྱོད་ལ་མཉམ་འཇོག ཇི་ལྟར་སྔོན་སྐྱོད་མི་སྣར་རྒྱབ་སྐྱོར་བྱེད་དགོས་པའི་སྐོར་གྱི་ཤེས་བྱ་དང་བཅའ་ཁྲིམས་དྲིལ་སྒྲོག་མཐར་ཕྱིན་པར་བྱས།  དེ་ལ་བརྟེན་ནས་མང་ཚོགས་ཀྱི་འདུ་ཤེས་མཐོར་འདེགས་སུ་སོང་ཞིང་དུས་རྒྱུན་དུ་འགྲོ་འདུག་ཉུང་ངུར་གཏོང་བ་དང་དོགས་སྣེ་སྙན་ཞུ།ཕན་ཚུན་རམ་འདེགས་བྱེད་པའི་ཕྱོགས་ལ་ནུས་པ་མི་དམན་པ་ཐོན་ཡོད་པ་རེད། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་ཁྲིམས་འཛིན་ཅུའུ་ལ་མཚོན་ན་དེའི་སྐོར་གྱི་བྱ་བཞག་སྒྲུབ་པར་ནུས་ཤུགས་བླ་ན་མེད་པ་བཏོན་དང་འདོན་བཞིན་ཡོད་པས། གཤམ་ནས་ང་ཚོས་ཁྲིམས་ལུགས་དྲིལ་སྒྲོག་པ་དཀོན་མཆོག་སངས་རྒྱས་ལགས་ལ་བཅར་འདྲི་ཞིག་བྱེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།