དུས་སུ་བབས་པའི་ཆར། སྐབས་སུ་བབ་པའི་གཏམ།

信息网络传播视听节目许可证

ཉིན་ལ་བྱ་ར་དགོས། མཚན་ལ་མལ་ཚེ་དགོས་ཟེར་པ་ལྟར།མིག་སྔར་རང་རྒྱལ་གྱི་ས་གནས་སོ་སོར་ཏོག་གསར་གློ་ཚད་ཀྱི་རིམས་འགོག་ཐད་དུ་བྱ་བ་མང་པོ་ཞིག་བསྒྲུབས་དང་སྒྲུབ་བཞིན་པ་ཚང་མས་ཤེས་གསལ་ལྟར་རེད། ཡུས་ཧྲུའུ་ས་ཁུལ་ལ་མཚོན་ན་ཡང་། གོང་མགོ་ཁྲིད་ནས་འོག་མང་ཚོགས་ཡན་ཆད་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་རིམས་ནད་ཟློག་སེལ་གྱི་སྙིང་སྟོབས་གོ་ཆ་ལེགས་པོར་བགོས་ཏེ། ཉིན་གྱི་ཟས་དང་མཚན་གྱི་གཉིད་བཅག་ནས་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་སོང་སྟེ་རིམས་འགོག་ཤེས་བྱ་དྲིལ་བསྒྲག་ཤུགས་ཆེན་བྱེད་བཞིན། སྙན་མོ་ཚིག་གི་ཁ་ཏ་དང་གསལ་བོ་ཁྲིམས་ཀྱི་ལམ་སྟོན་མཛད་ཅིང་། མང་ཚོགས་ཀུན་པོས་ཀྱང་རིམས་ནད་ནི་བཀའ་རྒྱ་དང་འགོག་སྲུང་ནི་འགན་འཁྲི་ཡིན་པའི་འདུ་ཤེས་རྙེད་དེ། གོང་རིམ་གྱི་བཀའ་དཀར་ཡོལ་འཚོ་འཚོ་དང་གསུང་མེ་ཏོག་ལེན་ལེན་བྱེད་བཞིན་རིམས་འགོག་བརྟན་སྲུང་བྱེད་བཞིན་ཡོད་པ་རེད། དེས་ན་ང་ཚོས་ཡུས་ཧྲུའུ་ཁུལ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུབ་བསྟན་འབྱུང་གནས་ལགས་ལ་འདིའི་ཐད་ཀྱི་བཅའ་འདྲི་ཞིག་བྱ།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།