གངས་ཁྲོད་ཀྱི་དར་ཆའི་འོག་ན་རིམས་འགོག་རྩ་འཛུགས་ཤིག

信息网络传播视听节目许可证

ཐེངས་འདིའི་རིམས་འགོག་བྱ་བ་གཏིང་ཟབ་ཏུ་སྤེལ་བ་ནས་བཟུང་།མགོ་ལོག་ཁུལ་དགའ་བདེ་རྫོང་ཁྱི་འབྲི་ཞང་གི་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་འདོམ་ཁུར་དུ་བཞེས་ཏེ།ཚན་རིག་དང་མཐུན་ཞིང་།གོ་རིམ་ཡོད་པ།ཞིབ་ཚགས་ལྡན་པ།འགན་འཁྲི་ཡོད་པ། བྱེད་ནུས་ལྡན་པའི་ངང་ནས་རིམས་འགོག་བྱ་བ་རྒྱ་ཆེར་སྤེལ་བ་དང་། དུས་ལྟར་རིམས་འགོག་རུ་ཁག་རྩ་འཛུགས་བྱས་ཏེ་གཞུང་ལམ་དང་སྡོད་ཁུལ།འབྲོག་ཁུལ།རི་ལུང་།རྐང་ལམ།རྫ་ལམ།སྡེ་ལམ་སོགས་འགོག་སྲུང་བརྟན་པོ་བྱས་ཏེ་རིམས་འགོག་བྱ་བར་བྱས་རྗེས་མངོན་གསལ་བླངས་ཡོད།ཞོལ་ནས་ང་ཚོས་མཉམ་ཏུ་མགོ་ལོག་ཁུལ་དགའ་བདེ་རྫོང་ཁྱི་འབྲི་ཤང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཤང་ཀྲང་ངག་དབང་གི་ཁ་བརྡ་ཅིག་ཉན།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།