ལྷག་བསམ་གྱི་བརྩེ་བ་འདི་ན་མངོན།

信息网络传播视听节目许可证

སྐྱིད་སྡུག་གང་འདྲ་ཞིག་དང་འཕྲད་རུང་འཛུམ་མདངས་དང་བཅས་རང་གིས་རང་ལ་ཡིད་ཆེས་བྱ་རྒྱུ་ནི་བསམ་པའི་རྒྱུ་ནོར་གལ་ཆེ་ཤོས་དེ་ཡིན་ལ། བརྩེ་སེམས་དྲོད་མོ་ནི་ནམ་ཡང་དཀའ་སྡུག་གི་སྐབས་སུ་མེད་དུ་མི་རུང་བ་ཞིག་ཡིན།ཏང་ཀྲུང་དབྱང་གི་དབུ་ཁྲིད་བཟང་བོ་དང་ནང་སྒོས་སུ་རྒྱ་གྲམ་དམར་པོ་ཚོགས་པའི་རོགས་སྐྱོར་བཅས་ལ་རྗེས་སུ་ཡི་རངས་བྱས་ཏེ། རྡོག་རྩ་གཅིག་སྒྲིལ་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་རིམས་འགོག་བྱ་བ་ལེགས་པོར་བསྒྲུབ་རྒྱུ་དང་། འཕྲོད་བསྟེན་སྡེ་ཁག་དང་གསོ་རིག་འགོག་བཅོས་ཀྱི་བྱེད་ཐབས་ལ་ཡིད་ཆེས་བྱས་ནས། རང་གཞན་ཀུན་གྱི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས། གཤམ་ནས་ངེད་དྲ་བས་མགོ་ལོག་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་ཏང་ཙུའུ་ཧྲུའུ་ཅི་འབྲུག་ཐར་ལགས་ལ་རྒྱ་གྲམ་དམར་པོའི་སྐོར་ནས་བཅར་འདྲི་ཐུང་ཐུང་ཞིག་བྱེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།