རིམས་འགོག་ལག་བསྟར་གྱི་བྱེད་ཐབས་གླེང་བ།

信息网络传播视听节目许可证

ཞིང་ཆེན་ཡོངས་ཀྱི་ཁུལ་དང་རྫོང་། གྲོང་རྡལ། སྡེ་བ་སོ་སོའི་ཏང་ཡོན་ལས་བྱེད་པ་དང་། དང་བླངས་མི་སྣས་ཏང་གི་གཅིག་གྱུར་གྱི་བཀོད་འདོམས་དང་འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་། རིམས་ནད་སྔོན་འགོག་འགན་འཁྲི་ནན་གྱིས་ཕྲག་ཏུ་འཁུར་པ་དང་བྱེད་ཐབས་བཟང་པོ་ལག་ལེན་དུ་བསྟར་བ། སྤྱི་མཐུན་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། ཕར་འགྲོ་ཚུར་འོང་གི་མི་སྣར་ཚོད་འཛིན་དང་སྔོན་འགོག་ལ་ཤུགས་བསྣན་ཏེ། ཐོན་སྐྱེད་སླར་གསོ་དང་ལས་འགོ་རྩོམ་པའི་ཁེ་ལས་དང་ལས་གཞིའི་ལས་བྱེད་མི་སྣས་ཚན་རིག་དང་མཐུན་པའི་ཚོད་འཛིན་འགོག་བཅོས་དང་སྔོན་འགོག་དོ་དམ་བྱ་བ་བཟང་བོ་སྒྲུབ་སྟེ། ཏོག་གསར་གློ་ཚད་རིམས་ནད་ཚོད་འཛིན་དང་སྔོན་འགོག་བྱེད་པར་ཉིན་མཚན་དབྱེར་མེད་དུ་ལས་རེས་བྱས་ཏེ་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད། ངེད་དྲ་བས་འདི་ནས་ཆེད་དུ་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་གྲོང་གཙོ་དཀོན་མཆོག་ནོར་བུ་ལགས་ལ་འདིའི་སྐོར་གྱི་བཅར་འདྲི་ཞིག་བྱེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།