རིམས་ནད་སྔོན་འགོག་ཁྲོད་ཀྱི་འགྲིམ་འགྲུལ་བདེ་འཇགས་གླེང་བ།

信息网络传播视听节目许可证

ཏོག་གསར་གློ་ཚད་རིམས་ནད་གནས་ཚུལ་སྔར་བཞིན་ཛ་དྲག་ཡིན་པའི་དུས་སྐབས་འདིར། ཀྲུའུ་ཞི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁབ་ཁང་གི་གཅིག་གྱུར་གྱི་འགོ་ཁྲིད་དང་། གཅིག་གྱུར་གྱི་བཀོད་འདོམས། གཅིག་གྱུར་གྱི་ལས་དོན་བཅས་མཐའ་འཁྱོངས་བྱས་ནས་ཞིང་ཆེན་དང་རིམ་པ་ཁག་གི་ས་གནས་སྲིད་གཞུང་གིས་རིམས་ནད་འགོག་སྲུང་དང་སྔོན་འགོག་བྱ་བར་ཚོད་འཛིན་ནན་མོ་བྱེད་བཞིན་ཡོད་ལ། ས་གནས་ཁག་གི་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གིས་འགྲིམ་འགྲུལ་འགྲོ་འོང་བརྟག་དཔྱད་བྱ་བར་དོགས་ཟོན་ནན་མོ་བྱས་ཏེ། སྤྱི་ཡོངས་རང་བཞིན་གྱི་གཅིག་གྱུར་འཆར་འགོད་དང་། ཁྱོན་ཡོངས་རང་བཞིན་གྱི་མཉམ་འདྲེས། མ་ལག་རང་བཞིན་གྱི་སྐུལ་འདེད་གཏོང་བ་བཅས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྒྲུབ་པའི་གནད་འགག་གི་དུས་ལ། ཁྲིམས་བཞིན་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་རྒྱུ་ནི་རིམས་ནད་སྔོན་འགོག་གི་བྱ་གཞག་གལ་ཆེན་ཞིག་ཡིན་པས། ངེད་དྲ་བས་ཆེད་དུ་མཚོ་ལྷོ་ཁུལ་ཀོས་ནན་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གི་རུ་གཙོ་སྟག་བྷ་ལགས་ལ་འདིའི་སྐོར་གྱི་བཅར་འདྲི་བྱས་ཏེ་གནས་ཚུལ་དངོས་ལ་རྒྱུས་ལོན་ཞིག་བྱེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།