【བརྙན་ཟློས།】ལྷ་རྒྱལ་བཀྲ་ཤིས་ཀྱི་དཔེ་ཚོགས་འགྲེམ་སྤེལ།

ལྷ་རྒྱལ་བཀྲ་ཤིས། 1976ལོར་མདོ་སྨད་ཁྲི་ཀའི་གཡུ་རྩ་སྡེ་བར་སྐྱེས། མཚོ་སྔོན་དགེ་འོས་སློབ་ཆེན ་ནས་ཤེས་རམས་པའི་བསླབ་གནས་བླངས། ཞུས་ཆུང་ལོ་ཙཱ་བ། 2001ལོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དུ་བྱ་བར་ཞུགས་ཏེ་ལོ་ཙྰ་དང་རྩོམ་སྒྲིག གསར་འགོད་སོགས་ཀྱི་ལས་ཀ་གཉེར། 2004ལོ་ནས་བཟུང《375ཐད་གཏོང་ཁང》ལེ་ཚན་གཙོ་སྐྱོང་གནང་མགོ་བརྩམས་པ་དང་། ད་ལྟའི་བར་ལེ་ཚན1300ལྷག་ཇུས་འགོད་དང་རྩོམ་སྒྲིག  མདོ་འཛིན་བཅས་བྱས། དེ་དག་ལས《བོད་ཀྱི་སློབ་གསོ་དང་འབྲེལ་བའི་གཏམ་གླེང》སོགས་རླུང་འཕྲིན་བརྩམས་ཆོས70ལྷག་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་མྱོང་། སྔ་རྗེས་སུ《རྩ་ཁྲིམས་བསླབ་དེབ》དང《རྩ་ཁྲིམས་རྒྱུན་མཁོ་རིག་པའི་ཉིང་བཅུད》《རྨ་ལྷོའི་རིག་གནས་ཟིན་དེབ》《ལྷ་རྒྱལ་བཀྲ་ཤིས་ཀྱི་བཅར་འདྲི་ཕྱོགས་བསྒྲིགས》[དེབ་བདུན]སོགས་སྒྲིག་རྩོམ་བྱས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།