ཀྲུང་གོ་བོད་ཀྱི་དྲ་བ།

【VRབོད་ཁམས་མཐོང་བ་ཀུན་སྨོན།】རྫ་ཆུའི་འགྲམ་དུ“སྐལ་བཟང་མེ་ཏོག”བཞད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ།   སྤེལ་དུས། : 2020-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཆར་ངོས་ཧྲིལ་བོར་གཟིགས།

    ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ནི་མཚོ་ངོས་ལས་ཆ་སྙོམས་མཐོ་ཚད་སྨི4200ལྷག་ཡོད་པའི་རྫ་ཆུའི་འགྲམ་དུ་ཆགས་ཡོད། ཆུ་སྣ་མང་ཞིང་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཕུན་སུམ་ཚོགས་པས“རྫ་ཆུའི་ཆུ་འགོ”དང“དབྱར་རྩྭའི་ཕ་ས” ཞེས་པའ་མཚན་སྙན་ཡང་ཡོད། རྫ་སྟོད་རྫོང་དང་སྤྱི་ལེ་བརྒྱད་ཀྱི་མཚམས་སུ“འདབ་མ་བརྒྱད་དང་ལྡན་པའི”སྐལ་བཟང་གྲོང་རྡལ་རྫ་ཆུའི་འགྲམ་དུ་ཆགས་ཡོད་ཅིང་། དེ་ནི་རྫ་སྟོད་རྫོང་གི་ས་འགུལ་རྗེས་ཀྱི་བསྐྱར་སྐྲུན་སྡོད་ཁང་ལས་གཞི་གལ་ཆེན་ཞིག་ཡིན་ལ། 2013ལོའི་ཟླ9པར་བསྐྲུན་ཚར་བ་རེད།

    སྐལ་བཟང་གྲོང་རྡལ་དུ་འབྲོག་ཁྱིམ305གནས་སྤར་ཡོད་པ་དང་། ཁྱིམ་ཚང་རེ་རེར་སྲིད་གཞུང་གིས་རིན་མེད་ངང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ80ཡོད་པའི་ཁང་པ་དང་ར་སྐོར་ཆུང་བ་མཁོ་འདོན་བྱས་ཡོད། སྡོད་ཁང་དག་གྲལ་འགྲིག་ཅིང་ཚོང་ཁང་སྣ་འཛོམས་པས་འཚོ་བ་ཧ་ཅང་སྟབས་བདེ། རྫ་སྟོད་རྫོང་གིས་གནོད་རྗེས་བསྐྱར་སྐྲུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན། རོང་འབྲོག་ཁུལ་གྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་སོགས་ཀྱི་རྣམ་པ་བརྒྱུད་སྡོད་ཁང་བསྐྱར་བཟོའམ་གསར་སྐྲུན་བྱས་ཡོད་པ་དང་། གད་སྙིགས་གཙང་སེལ་ས་ཚིགས་དང་བཙོག་ཆུ་གཙང་སེལ་བཟོ་གྲྭ། སློབ་གྲྭ སྨན་ཁང་སོགས་འབྲེལ་ཡོད་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཡུས་ཧྲུའུ་ཡི་གནོད་རྗེས་བསྐྱར་སྐྲུན་ཐད་ཁྱོན་མ་དངུལ་སྒོར་དུང་ཕྱུར447.54བཏང་བའི་བསྐྱར་སྐྲུན་ལས་གཞི1248ལེགས་གྲུབ་བྱུང་ཟིན་པ་དང་། རོང་འབྲོག་ཁྱིམ་ཚང16710ཡི་སྡོད་ཁང་དང་། མཁར་གྲོང་གི་གྲོང་མིའི་སྡོད་ཁང22439ལྷག་བསྐྲུན་ཟིན་པར་མ་ཟད། སྡོད་ཁང་གསར་པའི་ནང་དུ་ཡང་གནས་སྤར་ཞིང་། གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་སྡོད་ཁང་ལ་རྩ་བའི་ཆ་ནས་ལེགས་བཅོས་བྱུང་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།