གཟའ་འཁོར་འདིར་འཁྲིག་པའི་སྐར་ཚོམ་གྱི་སྐར་མདའི་ཆར་པ་ཆེན་པོ་ཀྲུང་གོ་གོ་ལ་ཧྲིལ་པོའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་ཡག་ཤོས་སུ་སླེབས་པ།

cefc1e178a82b9010b5cfe75a4174a723812ef27.jpeg

ཀོང་ཀྲོའུ་གྲོང་ཁྱེར་གྱི་བུའུ་ཡང་གནམ་དཔྱད་ཁང་གིས་གནས་ཚུལ་ལྟར་ན། ཉེ་ཆར སའི་གོ་ལ་མིང་གྲགས་ཆེ་བའི་འཁྲིག་པའི་སྐར་ཚོམ་གྱི་འཁོར་ལམ་བརྒལ་རྒྱུ་རེད། ད་ལོའི་འཁྲིག་པའི་སྐར་ཚོམ་གྱི་སྐར་མདའི་ཆར་པ་ཐོན་པའི་དུས་ཚོད་དེ་ཟླ་12ཚེས་4ཉིན་ནས་ཚེས་17ཉིན་བར་ཡིན་པ་དང་ཆོས་འཁྲུག་ཆ་དོད་ཤོས་ནི་ཟླ་12ཚེས་15ཉིན་གྱི་ཆུ་ཚོད་དང་པོའི་སྔ་རྗེས་སུ་ཡིན་པ་རེད། གལ་ཏེ་མཚན་མོའི་ནམ་མཁའ་གཡའ་དག་པ་དང་། རླུང་ཁམས་ཆེན་པོའི་གསལ་ཚད་མཐོ་བ། རང་རྒྱལ་གྱི་ས་ཆ་སོ་སོ་ནས་ལྟ་དཔྱད་ཚད་འཇལ་བྱེད་ཐུབ།

ཤེས་རྟོགས་བྱུང་བར་གཞིགས་ན། འཁྲིག་པའི་སྐར་ཚོམ་གྱི་སྐར་མདའི་ཆར་པ་ཆེས་འཁྲུག་ཆ་དོད་པའི་དུས་སུ་མིག་གིས་བལྟས་ན་མཐོང་ཐུབ་པ་དང་། ཆུ་ཚོད་རེར་སྐར་མདའ100ཙམ་མཐོང་སྲིད། རང་རྒྱལ་དུ་འཁྲིག་པའི་སྐར་མདའི་ཆར་པའི་ལྟ་ཞིབ་དུས་ཚོད་ཡག་ཤོས་ནི་ཟླ་12ཚེས་14ཉིན་གྱི་ཆུ་ཚོད་21ནས་ཚེས་15ཉིན་བར་ཡིན་པ་རེད། ས་གནས་ཁག་གིས་ཁོད་ཡངས་བ་དང་། གློག་འོད་མེད་པ། མིག་གིས་བལྟ་བར་གེགས་མེད་པ་བཅས་ཀྱི་ཁོར་ཡུག་འོག་ལྟ་ཞིབ་ཚད་ལེན་བྱེད་དགོས།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།