ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་ཆེས་མཐོ་བའི་ས་ཁུལ་རིམ་པའི་གྲོང་ཁྱེར་ནག་ཆུའི་མཛེས་ལྗོངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནག་ཆུ་གྲོང་ཁྱེར་ནི་བོད་ལྗོངས་ཀྱི་བྱང་རྒྱུད་དུ་གནས་པ་དང་བོད་ལྗོངས་ཀྱིབྱང་གི་སྒོ་ཆེནལྟ་བུ་ཞིག་རེད།  2018ལོའི་ཟླ་5པར་ནག་ཆུ་དངོས་སུ་གྲོང་ཁྱེར་དུ་བསྒྱུར་བ་དང་། རྒྱལ་ཡོངས་ཀྱི་ཆ་སྙོམས་ཀྱི་མཐོ་ཚད་ལས་ཆེས་མཐོ་ཤོས་དང་། སྨི་4500ལས་བརྒལ་བ།སའི་རྒྱ་ཁྱོན་ཆེས་ཆེ་ཤོས། ལོ་ན་ཆུང་ཤོས་ཀྱི་གྲོང་ཁྱེར་གྱི་གྲས་ཤིག་ཏུ་གྱུར་ཡོད།

དགུན་དུས་ཀྱི་ཞོགས་པར། ནག་ཆུ་གྲོང་ཁྱེར་གསེར་ཉི་ཁུལ་གྱི་དྲོད་ཚད་གོར་ཐུག་མན་གྱི་ཧྲེ་ཧྲི་ཏུའུ20ཙམ་ལ་སླེབས་ཡོད། རྩྭ་ཐང་དང་གྲོང་ཁྱེར་རིམ་བཞིན་གཉིད་ལས་སད་ཅིང་། མཚམས་སྤྲིན་དང་ཞོགས་འོད། ཞོགས་པའི་ཐབ་ཚང་གི་དུ་བ་དང་རྒྱང་རིང་གི་རྩྭ་ཐང་དང་གངས་རི་བཅས་ཀྱིས་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་ཆགས་ནས་ལྟ་ན་སྡུག་པའི་ཡུལ་ལྗོངས་ཞིག་གྲུབ་ཡོད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།