ཀྲུང་གོ་བོད་ཀྱི་དྲ་བ།

“ཀྲུང་གོའི་ཁུལ་ལྡན་སྲིང་བལ་གྱི་ཕ་ཡུལ”ཤིན་ཅང་ཨ་ཝ་ཐེ་རྫོང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 1125172150_15724234612111n.jpg

ཟླ་10ཚེས་24ཉིན་ཤིན་ཅང་ཨ་ཝ་ཐེ་རྫོང་ཝུའུ་ལུའུ་ཆི་ལུའུ་གྲོང་རྡལ་ལ་དབྱི་ཏང་གྲོང་ཚོར་སྲིང་བལ་འཐུ་བའི་འཕྲུལ་འཁོར་ཆེ་གྲས་ཤིག་གིས་སྲིང་བལ་གྱི་ཞིང་ཁའི་ནང་སྲིང་བལ་འཐུ་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཤིན་ཅང་ཨ་ཁེ་སུའུ་ས་ཁུལ་ཨ་ཝ་ཐེ་རྫོང་ནི་ཞིང་ལས་གཙོ་བོར་བྱེད་པ་དང་ཞིང་ནགས་འབྲོག་ཞོར་ཕྱོགས་བསྡུས་འཕེལ་རྒྱས་ཀྱི་ཞིང་ལས་དཔལ་འབྱོར་རྫོང་ཞིག་ཡིན་པ་དང་། སྲིང་བལ་ནི་གཙོ་གནད་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བའི་ཐོན་ལས་ཤིག་ཡིན་ལ་ལེགས་ཆ་ཆེ་ཤོས་ཀྱི་ཐོན་ཁུངས་ཤིག་ཀྱང་རེད། ཨ་ཝ་ཐེ་རྫོང་གི་ཤིང་བལ་ནི་རྒྱལ་ཡོངས་ཀྱི་ཤིང་བལ་རྟེན་གཞིའི་རྫོང་དང་། ཤིན་ཅང་ས་ཁོངས་ཀྱི་མ་རྒྱུད་གསོ་སྤེལ་རྟེན་གཞི། སྲིང་བལ་སྤུས་ལེགས་ཐོན་མཐོ་ནུས་ཆེའི་དཔེ་སྟོན་ཁུལ་བཅས་ཡིན་པས“ཀྲུང་གོའི་སྲིང་བལ་གྲོང་ཁྱེར”དང“ཀྲུང་གོའི་ཁུལ་ལྡན་སྲིང་བལ་གྱི་ཕ་ཡུལ”ཞེས་བརྗོད་ཀྱི་ཡོད།

ཨ་ཝ་ཐེ་རྫོང་ནས་ཐོན་པའི་སྲིང་བལ་གྱི་སྤུས་ཚད་ལེགས་པ་དང་ཚི་སྣའི་རིང་ཚད་རིང་བ་མ་ཟད། ད་དུང་ཚི་སྣའི་དྲག་ཚད་མཐོ་བ་དང་། ཚོས་གཞི་ལེགས་པ། ལྡེམ་ཆ་ལེགས་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་དེ་ནི་སྲིང་སྐུད་བཟོ་བ་དང་དམིགས་བསལ་འཁལ་འཐག་བཟོ་ལས་ལ་མེད་དུ་མི་རུང་བའི་རྒྱུ་ཆ་ཞིག་རེད། 2019ལོར་རྫོང་དེ་ཡོངས་ཀྱི་སྲིང་བལ་མུའུ་ཁྲི་147ཟིན་པའི་ནང་ཁུལ་རིང་སྲིང་བལ་མུའུ་ཁྲི་62ལྷག་ཙམ་ཡོད་པ་རེད། ད་ཆ་རྫོང་ཡོངས་སུ་མེ་ཏོག་བཙིར་གནོན་ཁེ་ལས་24དང་། སྲིང་བལ་འཁེལ་འཐག་ཁེ་ལས་3། སྲིང་བལ་འཁེལ་འཐག་གི་གཞི་ཁྱོན་བསྡོམས་པས་ཏིན་ཁྲི་37.8བཅས་ཡོད་པ་རེད།


ཟླ་10ཚེས་24ཉིན་ཤིན་ཅང་ཨ་ཝ་ཐེ་རྫོང་ཝུའུ་ལུའུ་ཆི་ལུའུ་གྲོང་རྡལ་ལ་དབྱི་ཏང་གྲོང་ཚོར་སྲིང་བལ་འཐུ་བའི་འཕྲུལ་འཁོར་ཆེ་གྲས་ཤིག་གིས་སྲིང་བལ་གྱི་ཞིང་ཁའི་ནང་སྲིང་བལ་འཐུ་བཞིན་པ།

སྲིང་བལ་ལ་ལས་སྣོན་བྱེད་བཞིན་པ།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།