ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་མོ་ཀིརྡི་དགོན་གྱི་མཐོང་སྣང་། ཁག་དང་པོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : དཀོན་མཆོག་རབ་བརྟན།   སྤེལ་དུས། : 2019-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དགུན་གྱི་དུས་སུ་ཕྱོགས་མཚམས་ཀུན་ཏུ་ཁ་བས་གཡོགས་ཤིང་གྲང་ངར་ཤིན་ཏུ་ཆེ་ལ། གླུ་ལེན་ལ་དགའ་བའི་འབྲུག་དཀར་གཙང་ཆུ་ཡང་འགྲམ་དར་ཁྲོད་ཁ་རོག་གེར་བཞུར་ཞིང་།  ཁ་ཏྭ་དང་སྐྱུང་ཀ་སོགས་ཀྱིས་འག་སྐད་འབྱིན་པ་ཙམ་ལས་སྙན་འགྱུར་གྱི་བྱ་སྐད་དང་སྔོ་ལྗང་ལྡན་པའི་ཚང་ཚིང་གི་ལྗོངས་ཆེན་ཟླ་བ་ལྔ་ཙམ་གྱི་རིང་ལ་མཇལ་དུ་མེད།  མི་རྣམས་ལ་གོས་འཁྲུད་ཀྱི་གཙང་སྦྲ་ཉུང་པས་ཚིལ་དྲག་ཆགས་པའི་གྱོན་གོས་མཐུག་པོ་རེ་གྱོན་ཞིང་། གང་ལ་སོང་ཡང་གྲང་ངར་གྱི་རྒོལ་བ་འཇགས་པ་མེད།  དེ་དུས་ཡུལ་ཀུན་ཁ་བས་གཡོགས་པ་རྒྱུན་རིང་ཞིང་། ནགས་ཚལ་དང་རི་ཆེན་དག་ནི་དཔྱིད་ཟླ་མ་ཚེས་བར་དུ་ཁ་བས་གཡོགས་པར་བྱེད། དངུལ་དཀར་གྱི་འཇིག་རྟེན་ཞེས་པའི་མིང་འདོགས་སོགས་སྙན་ངག་པའི་ལྕེ་རྩེ་ན་གཡོ་བ་དོན་དང་ལྡན་ལ།  ཆེས་མཛེས་སྡུག་ལྡན་ཞིང་ཡིད་དུ་འོང་བ་ཞིག་ཡིན། 

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།