ཀྲུང་གོ་བོད་ཀྱི་དྲ་བ།

མཛེས་པ་མཁའ་དང་མཉམ་པའི་ཡུལ་ཤུལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་ནུབ་ས་ཁུལ་དང་། མཚོ་བོད་ས་མཐོའི་དབུས་ཁུལ་གྱི་གཙང་གསུམ་ཆུ་འགོར་གནས་པ་དང་། དེ་གར་ས་རྒྱ་ཆེ་ལ་ཐོན་ཁུངས་ཕུན་སུམ་ཚོགས་པ། སྐྱེ་དངོས་སྣ་མང་བ། ཡུལ་ལྗོངས་ཐུན་མོང་མ་ཡིན་པ་བཅས་ཡིན།

རྒྱལ་ཡོངས་དང་ཐ་ན་ཨེ་ཤེ་ཡའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ངོས་ནས་སྣོད་བཅུད་གནས་བབ་དམིགས་བསལ་དང་གལ་ཆེ་བས་འཁྱགས་རོམ་གངས་རི་དང་། གཙང་ཆུའི་ཆུ་བོ། མཚེའུ་དང་འདམ་ར། མཐོ་སྒང་སྤང་ལྗོངས་སོགས་སྣོད་བཅུད་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་རེད།

མི་མང་པོ་ཞིག་ཡུལ་ཤུལ་དུ་སླེབས་སྐབས་དེ་གའི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱིས་ཡིད་དབང་བཀུག་ཡོད། རྟ་རྒྱུག་དུས་ཆེན་དང་། སྣོད་བཅུད་རོལ་དབྱངས་དུས་ཆེན། འཕྱོ་གཡེང་འགྲན་བསྡུར། བྱེས་བགྲོད་འཐེན་ཤུགས་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་ལས་ཡུལ་ཤུལ་གྱི་རིག་གནས་ལུས་རྩལ་ཡུལ་སྐོར་བྱེད་སྒོ་དེ་བས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།