མདོ་སྨད་ཙོང་ཁའི་སྐྱེས་རི་རིག་པས་བསྐོར་བ།

 མདོ་སྨད་ཙོང་ཁའི་སྐྱེས་རི་རིག་པས་བསྐོར་བ།

——ཙོང་ཁའི་རིག་གནས་ཉིང་འདུས་ལྗོངས་རྒྱུའི་ལམ་ཐིག

  གྲགས་པ་དོན་ལྡན་ཙོང་ཁའི་སྐྱེས་རི་ནི་བརྗིད་ཆེ་ལ་བྱིན་རླབས་མི་ཆུང་བ་ཡོངས་གྲགས་ལྟར། གནམ་འདེགས་ཀ་བའི་ཟོལ་གྱིས་འགྱིངས་པའི་གདགས་སྲིབས་སུ་རྨ་ཆུ་དང་ཙོང་ཆུ་གཡུ་འབྲུག་ས་ལ་བབས་པ་དང་མཚུངས་ལ། སྲིད་པའི་མགོན་པོ་འདི་དང་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་གཉིས་ལས་མདོ་སྨད་ཙོང་ཁའི་རྒྱུད་ཀྱི་རིག་གནས་སམ་ད་ལྟའི་ཆར་རྨ་ཙོང་ཆུའི་རིག་གནས་ཞེས་བཏགས་པ་དོན་ལྡན་ཉིད་དུ་སོང་།

སྐྱེས་རིའི་ཕྱོགས་མཚམས་ཀུན་ཏུ་ལེ་ལག་རི་བོ་མཐོ་ལ་ཆུ་བོ་དམའ་བ། ཀླུང་གི་ས་གཤིས་གཤིན་ལ་འབྲུ་རིགས་སྣ་ལྔ་འཛོམས་པ། ས་ཡི་དགེ་བཅུ་མ་ཚང་བ་མེད་པའི་དཔལ་ལ་བརྟེན་བྱས་ཀྱི་སེམས་ཅན་རྣམས་མི་རིགས་གྲངས་མང་མཛའ་མཐུན་ཞེ་གཅིག་ལ། ཆོས་སྲིད་ཀྱི་ལོ་རྒྱུས་རྒྱུན་རིང་། འཚོ་ཚིས་ཀྱི་ཉམས་མྱོང་འདུས་ཆེ། ཤེས་རིག་གི་རྣམ་གྲངས་དར་སྔ་སྟེ། རྒྱུ་དང་མི་རྒྱུའི་ཤུལ་བཞག་གི་རིག་གནས་དང་མི་སྲོལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པ། ཚོགས་དང་བསོད་ནམས་གསོག་རྟེན་དུ་གྱུར་པའི་དགོན་སྡེ་དང་། རིག་པ་དངོས་པོའི་གཟུགས་སུ་བཀོད་པའི་རྟེན་མཛོད། ཡུལ་གྱི་ངོ་མཚར་རིས་སུ་བབས་པའི་རི་ཆུ་སོགས་ཐུན་མིན་ལྗོངས་རྒྱུའི་གནས་མཆོག་ཁྱད་པར་བ་སྒྲོ་མ་བཏགས་པར་ཡོད།

དེ་ལྟ་མོད་ཀྱི། རིག་གནས་ལྗོངས་རྒྱུའི་ཆ་ལ་ནི་ཡུལ་འདི་གྲོང་ཆོས་ཀྱིས་མ་བསླད་པའི་ཡིད་འོང་མཛེས་མའི་ཆོས་སུ་སོང་བ་སྨོས་མེད་ལགས་ན། གང་འདིའི་ཁྱད་མཚར་སྣོད་བཅུད་ཀྱི་བཀོད་པ་དང་འཕགས་པའི་སྐྱེས་བུ་གསེར་རིའི་ཕུང་པོ་ཟམ་མ་ཆད་པ་རིན་ཆེན་ཕྲེང་ཐག་གཅིག་ལ་བརྒྱུས་ཏེ། སྣང་སྲིད་ཀྱི་ལྟད་མོས་དཔལ་བསྐྱེད་པ། རིག་གནས་ཀྱི་མྱོང་བས་དགེ་ཐོན་པ། སྐྱེས་ཆེན་གྱི་བྱིན་གྱིས་བོགས་འདོན་ཕྱིར། སྐྱེས་ལྷ་རི་བོ་རིག་པས་བསྐོར་བའི་ལྗོངས་རྒྱུའི་ལམ་ཐིག་སྔ་ན་མེད་པ་འདི་གསར་དུ་བཏོད་པ་ལ།

1.jpg

མཚོ་སྔོན་གྱི་ལྟེ་གནས་གྲོང་ཁྱེར་ཟི་ལིང་།

ཉིན་དང་པོ་ལ།

མཚོ་སྔོན་གྱི་ལྟེ་གནས་གྲོང་ཁྱེར་ཟི་ལིང་དུ་མཚོ་སྔོན་ཞིང་ཆེན་དངོས་མང་རྟེན་མཛོད་ཁང་དང་།→མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་།→རྒྱལ་གཅེས་རིང་ལུགས་ཀྱི་གསར་བརྗེའི་སློབ་གསོ་ལྟེ་གནས་ཙོང་ཁ་དགོན་བཅས་ཡོད་ལ། དེ་ནས་གཡས་སྐོར་དུ་ཕྱིན་པས་གྲུབ་པའི་གནས་ཆེན་དམར་གཙང་དགོན།→ཀྲུང་གོའི་བཟོ་བཀོད་ཀྱི་ཆོས་ཅན་ཧོང་ཧྲོས་ཆོན་ཁ་ཆེའི་ཆོས་ཁང་།→གནས་མཆོག་ཤར་རྫོང་རི་ཁྲོད།→ཧུའུ་ཀྲུའུ་འཇའ་ཚོན་འཚོ་བའི་ཧོར་རིགས་སྐྱེད་ཚལ་ཁུལ།→མདོ་སྨད་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་དགོན་ལུང་ཆོས་སྡེ།→ཙོང་ཆུའི་རིག་གནས་དངོས་མང་རྟེན་མཛོད་ཁང་།→ལུང་མདོ་ཚོན་རྫའི་དངོས་མང་རྟེན་མཛོད་ཁང་།→༼མཚོ་སྔོན་གྱི་གོང་མའི་ཕོ་བྲང་འདྲ་བཞེངས་མ༽གྲོ་ཚང་རྡོ་རྗེ་འཆང་དགོན་པ།→རྨ་ཙོང་ཆུའི་རིག་གནས་དངོས་མང་རྟེན་མཛོད་ཁང་།→རྗེ་ཙོང་ཁ་པའི་ཕྱག་ཐང་རྟེན་བཞུགས་ཁྭ་ཏའི་ཁ་དགོན་པ།→བླ་ཀྱ་ཤུལ་དངོས་རྟེན་མཛོད་ཁང་།→རྨ་ཆུའི་རབས་རྒན་ཏ་ཧོ་ཀྱ།→སྐྱེས་རི་འགག་རྨ་ཆུའི་གློག་ཚིགས།→སྟོང་རི་མཚོ་ནག→ཞུན་ཧྭ་རྫོང་ཐོག་ཏུ་ཞག་བཞུགས།

3.jpg

མཚོ་སྔོན་ཞིང་ཆེན་དངོས་མང་རྟེན་མཛོད་ཁང་།

QQ截图20210728090940.jpg

རྒྱལ་གཅེས་རིང་ལུགས་ཀྱི་གསར་བརྗེའི་སློབ་གསོ་ལྟེ་གནས་ཙོང་ཁ་དགོན།

5.jpg

ལུང་མདོ་ཚོན་རྫའི་དངོས་མང་རྟེན་མཛོད་ཁང་།

QQ截图20210728090940.jpg

མཚོ་སྔོན་གྱི་གོང་མའི་ཕོ་བྲང་འདྲ་བཞེངས་མ་གྲོ་ཚང་རྡོ་རྗེ་འཆང་དགོན་པ།

7.jpg

སྟོང་རི་མཚོ་ནག 

ཉིན་གཉིས་པ་ལ།

  རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོའི་རྒྱལ་གཅེས་རིང་ལུགས་དྲན་གསོ་ཁང་།→ཆོས་རྒྱལ་མྱ་ངན་མེད་ཀྱི་རིང་བསྲེལ་མཆོད་རྟེན།→བསྟན་པ་ཕྱི་དར་གྱི་མགོ་ཁུངས་ཏན་ཏིག་དགོན།→ཟ་ལར་ཕ་གཞིས་ཀྱི་རྔ་མོང་ཆུ་མིག→གསར་བརྗེའི་སློབ་གསོའི་གནས་གཞི་ཧོང་ཀོང་གྲོང་ཚོ།→པཎ་ཆེན་སྐུ་ཕྲེང་བཅུ་པའི་འཁྲུངས་གཞིས་པུས་མདོ་སྟོང་དཔོན་ཚང་།→པུས་མདོ་འཇམ་མཁར་དང་འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན།→མདོ་སྨད་ཆོལ་ཁའི་ལྟེ་གནས་པུས་མདོ་གནའ་མཁར།→ཡོན་གོང་མ་ཆེན་པོའི་དབུ་བླ་རིན་ཆེན་ཆོས་རྗེས་ཕྱག་བཏབ་པའི་པུས་མདོ་དགོན་ཆེན།→མཛེས་སྡུག་གི་རྐང་ཚའི་རྩྭ་ཐང་།→རེབ་གོང་གྲོང་ཁྱེར་ཏུ་ཞག་བཞུགས། 

QQ截图20210728090940.jpg

ཆོས་རྒྱལ་མྱ་ངན་མེད་ཀྱི་རིང་བསྲེལ་མཆོད་རྟེན།

2.jpg

པཎ་ཆེན་སྐུ་ཕྲེང་བཅུ་པའི་འཁྲུངས་གཞིས་པུས་མདོ་སྟོང་དཔོན་ཚང་།

3.jpg

པུས་མདོ་འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན།

4.jpg

མཛེས་སྡུག་གི་རྐང་ཚའི་རྩྭ་ཐང་། 

ཉིན་གསུམ་པ་ལ།

རེབ་གོང་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་མཁར་གྲོང་གྲགས་ཅན།→རེབ་གོང་སྒྱུ་རྩལ་དངོས་མང་རྟེན་མཛོད་ཁང་།→མིང་གྲགས་ཅན་གྱི་རོང་བོ་དགོན་ཆེན།→གསར་བརྗེའི་སློབ་གསོ་གནས་གཞི་སྣང་རའི་སྟོང་དཔོན་ཚང་།→ཆོས་རྗེ་དོན་རིན་པས་ཕྱག་བཏབ་པའི་སྣང་རའི་གསེར་ཁང་།→མཁས་པ་མི་གསུམ་གྱི་སྒྲུབ་ཕུག་ལོ་རྡོ་རྗེ་བྲག→གསང་སྔགས་རྫོགས་པ་ཆེན་པོའི་སྐྱེད་ཚལ་ཀ་དག་གཞིས་ཀ→རྗེ་ཙོང་ཁ་པ་རབ་ཏུ་བྱུང་གནས་བྱ་ཁྱུང་དགོན།→མཁས་པ་མི་གསུམ་གྱི་སྒྲུབ་གནས་ཨན་ཆུང་གནམ་རྫོང་།→ཆོས་རྗེ་ས་པཎ་གྱིས་ལང་ཇུའི་མཇལ་འཛོམས་ཆེན་མོར་བཞེངས་པའི་ཁྲི་ཀའི་ཇོ་ཁང་།→བཙན་པོ་མངའ་བདག་ཁྲི་རལ་གྱི་རལ་པ་རྟེན་བཞུགས་མི་ཉག་མཆོད་རྟེན།→མ་ཎིའི་ཆུ་འཁོར་ཆེན་མོ།→རྒྱལ་ཁབ་རིམ་པའི་རྨ་ཆུའི་སྤྱི་གླིང་།→ཙོང་ཁ་ལབ་ཙེ་ཆེན་མོ།→རྗེ་རིན་པོ་ཆེའི་འཁྲུངས་གནས་སྐུ་འབུམ་དགོན།→མཚོ་སྔོན་གྱི་ལྟེ་གནས་གྲོང་ཁྱེར་ཟི་ལིང་དུ་འབྱོར་བའོ། །

1.jpg

རེབ་གོང་སྒྱུ་རྩལ་དངོས་མང་རྟེན་མཛོད་ཁང་།

3.jpg

མཁས་པ་མི་གསུམ་གྱི་སྒྲུབ་གནས་ཨན་ཆུང་གནམ་རྫོང་།

2.jpg

རྒྱལ་ཁབ་རིམ་པའི་རྨ་ཆུའི་སྤྱི་གླིང་།

4.jpg

རྗེ་རིན་པོ་ཆེའི་འཁྲུངས་གནས་སྐུ་འབུམ་དགོན།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།