ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་རོང་གི་མིང་གི་འབྱུང་ཁུངས།

ཡོང་ཁུངས། : ཁམས་པའི་བོད་ཡིག་དྲ་བ།ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-08-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

སྡེ་རོང་རྫོང་གི་ཡུལ་ལྗོངས།

སྡེ་རོང་གི་མིང་གི་འབྱུང་ཁུངས།

སྡེ་རོང་གི་ས་མིང་བྲིས་ཚུལ་ལ་སྡེ་རོང་དང་སྡེ་ལུང་ཞེས་སྣ་ཁ་གཉིས་འདུག  བཤད་སྲོལ་ལ་སྡེ་རོང་ཞེས་བྲིས་སྲོལ་ཆགས་པ་ནི་གྲོག་རོང་ལུང་ཁུག་ཏུ་ཆགས་པའི་ཞིང་སྡེའི་དོན་ལ་གོ  སྡེ་ལུང་ཞེས་བྲིས་སྲོལ་ཡོད་པ་ནི་གྲོག་རོང་ལུང་ཁུག་ཏུ་ཆགས་པའི་སྡེ་བ་ཡིན་པས་ན་དེ་ལྟར་བྲིས་ཞེས་ས་གནས་དེ་གའི་དམངས་སྲོལ་དུ་བཤད་སྲོལ་མཆིས།

རྫོང་སྲིད་གཞུང་ནི་སི་ཁྲོན་ཞིང་ཆེན་གྱི་སྲིད་འབྱོར་རིག་གསུམ་གྱི་ལྟེ་གནས་ཁྲེང་ཏུའུ་གྲོང་ཁྱེར་དང་སྤྱི་ལེ1024རྒྱང་བའི་སྡེ་རོང་རྫོང་སངས་སྨད་གྲོང་རྡལ་དུ་ཆགས་ཡོད་པ་རེད། སྡེ་རོང་དུ་མི་རབས་ནས་མི་རབས་བར་དུ་འཚོ་གནས་བྱས་པའི་བོད་རིགས་ཀྱི་བྱུང་རབས་ནི་ཧན་རྒྱལ་རབས་ཤར་མའི་སྐབས་སུ་བོན་ནག་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས།

1502184026363162.jpg

སྤྱི་ལོ་དུས་རབས་བདུན་པ་སྟེ་བོད་རྒྱལ་སྲོང་བཙན་སྒམ་པོས་གངས་ཅན་མཐོ་སྒང་ཡོངས་སུ་གཅིག་གྱུར་མཛད་པའི་སྐབས་སུ་མངའ་རིས་དང་རྒྱལ་རྩེ།  ཀོང་པོ་རྒྱ་མདའ་སོགས་ས་གནས་ནས་འོངས་པའི་བོད་པ་དང་དེ་བཞིན་དུ་སྤྱི་ལོ1451ལོ་ནས1509ལོའི་བར་འཇང་ས་དམ་རྒྱལ་པོས་ཁམས་པའི་ལྷོ་རྒྱུད་ཀྱི་ས་གནས་སོ་སོར་དམག་དོན་རྒྱ་སྐྱེད་བཏང་བའི་སྐབས་སུ།  དམག་དཔུང་དང་ལྷན་འགྲོའི་འཇང་མི་བཅས་གྲུབ་ཆ་གསུམ་ལས་གྲུབ་པའི་སྡེ་རོང་ནི་ཁམས་པའི་ཁོངས་སུ་གཏོགས་པ་རེད།།

1502184026536889.jpg

1502184026458643.jpg

སྡེ་རོང་ལ་བཀྲ་ཤིས་ཉི་མའི་ལུང་པ་ཞེས་པའི་མིང་བཏགས་པའི་རྒྱུ་མཚན།

ས་གནས་དེ་གའི་དམངས་ཁྲོད་དུ་བཤད་པ་ལྟར་ན། གནའ་སྔ་མོར་ཀུན་ཏུ་བཟང་པོའི་ཆིབས་པ་གླང་ཆེན་ཐལ་དཀར་གླང་ཆེན་འགྱིང་རི་ལ་ཡོད་དུས་ཕ་ཡུལ་དྲན་དྲགས་ནས་ཉིན་ཞིག་ལ་ལྐོག་བྲོས་བྱས་ཏེ་ལྷོ་ཕྱོགས་ཕ་ཡུལ་དུ་འཕུར་ནས་འགྲོ་སྐབས། བསམ་ཡུལ་ལས་འདས་པ་ཞིག་ལ་ལམ་བར་དུ་སྤྲིན་ནག་འཐིབས་ནས་ལམ་ནོར་སོང་བ་རེད།གློ་བུར་དུ་གསེར་མདོག་ལྡན་པའི་འོད་ཟེར་ཞིག་གིས་འགྲོ་སའི་ལམ་འགོག་པའི་དུས་སུ་གླང་ཆེན་ཐལ་དཀར་གྱིས་སྤྲིན་ཕུང་གཏོར་ནས་མར་བལྟས་པ་ན།

1502184026991993.jpg

ཤྭ་ཡངས་ཚེ་རིང་མཚོ།

ཉི་འོད་ས་གཞི་ཀུན་ཏུ་འཕྲོ་ཞིང་རྩྭ་རྩི་ཤིང་གི་ལོ་འདབ་རབ་ཏུ་རྒྱས་པའི་རི་ཁྲོད་དུ་ཤིས་འཛོམས་འཆམ་མཐུན་གྱིས་ཁེངས་པའི་རྣམ་པ་འདི་མཐོང་དུས།  གླང་ཆེན་ཐལ་དཀར་གྱི་བསམ་པ་ཧ་ཅང་དགའ་ནས་ག་ལེར་རི་ཁུག་ནང་དུ་བབས་མཐར།  སེམས་ནང་གི་སྐྱོ་གདུང་མཐའ་དག་བརྗེད་ནས་ཤེས་ཚོར་གོ་ཚོར་མེད་པར་ས་གནས་དེར་བསྡད་དེ་ལོ་སྟོང་ཙམ་འདས་པ་རེད།  ནང་བསྟན་ཆོས་ལུགས་ལ་དད་པ་བྱེད་མཁན་གྱི་ཁམས་པ་བས་གླང་ཆེན་ཐལ་དཀར་ལ་ཕ་ཡུལ་དྲན་པའི་སྐྱོ་གདུང་སེལ་ནུས་ཡོད་པར་མ་ཟད། ཉི་འོད་ས་གཞི་ཀུན་ཏུ་འཕྲོས་ནས་དུས་ཚིགས་བཞི་པོ་དཔྱིད་ཀྱི་དཔལ་ཡོན་རྒྱས་པར་འགྲན་པའི་ས་གནས་འདིར་བཀྲ་ཤིས་ཉི་མའི་ལུང་པ་ཞེས་མིང་བཏགས་པ་རེད།།

1502184026513522.jpg

སྡེ་རོང་རྫོང་གི་གནས་ཚུལ་མདོར་བསྡུས།

སྡེ་རོང་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་མཚམས་ཀྱི་འབྲི་ཆུའི་འབབ་རྒྱུད་དུ་ཆགས་པའི་ཆར་ཆུ་དཀོན་པའི་ས་ཁུལ་ཞིག་ཡིན་པ་རེད།

1502184026598010.jpg

བྱང་རྒྱུད་དུ་དཀར་མཛེས་ཁུལ་གྱི་འབའ་ཐང་དང་ཕྱག་ཕྲེང་རྫོང་ལ་ས་མཚམས་འབྲེལ་བ་དང་། ཤར་ལྷོའི་རྒྱུད་དུ་ཡུན་ནན་ཞིང་ཆེན་གྱི་སེམས་ཀྱི་ཉི་ཟླ་རྫོང་གི་ས་མཚམས་དང་འབྲེལ་ཡོད་པ་རེད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2196ཡོད་པའི་མངའ་ཁོངས་སུ་གྲོང་རྡལ2དང་ཤང10ཡི་སྲིད་འཛིན་གྲོང་སྡེ245ཡི་ནང་བོད་རིགས་དང་རྒྱ་རིགས། འཇང་རིགས། ཆའང་རིགས། དབྱིས་རིགས་ལ་སོགས་པའི་མི་གྲངས་ཁྱོན་བསྡོམས26209 (2010ལོའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་ལྟར། )ཡོད་པའི་ནང་བོད་རིགས་ཀྱིས་བརྒྱ་ཆ99བཟུང་བ་རེད།

1502184026872200.jpg

སྡེ་རོང་རྫོང་གི་མངའ་ཁོངས་ཧྲིལ་པོ་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཚམས་ཀྱི་ས་རྒྱུད་ཁོངས་སུ་གཏོགས་པས་བྱང་ལྷོའི་རི་རྒྱུད་ཀྱི་མཚོ་འཕགས་ཧ་ལམ་སྨི5000ཡས་མས་ཡོད་པ་དང་། ཤར་ལྷོའི་རི་རྒྱུད་ཀྱི་མཚོ་འཕགས་སྨི5900ནས5599ཡོད་ཅིང་། དམིགས་བསལ་ཅན་གྱི་གྲོག་རོང་ལུང་ཁུག་གི་ས་གཤིས་ཡིན་པའི་དབང་གིས་རྫོང་ཁོངས་ཧྲིལ་པོའི་མཚོ་འཕགས་ཀྱི་ཧེ་བག་ཀྱང་ཤིན་ཏུ་ཆེ་བ་རེད།

1502184026410950.jpg

ས་ཁད་ཆེས་མཐོ་སར་མཚོ་འཕགས་སྨི5599ཡོད་པ་དང་ས་ཁད་ཆེས་དམའ་སའི་འབྲི་ཆུ་འབབ་རྒྱུད་དུ་མཚོ་འཕགས་སྨི1990མ་གཏོགས་མེད་པས་མཚོ་འཕགས་ཀྱི་ཧེ་བག་སྨི3609ཡོད་ཅིང་། རྫོང་གི་མངའ་ཁོངས་ཀྱི་ཤར་ནུབ་བར་རྒྱང་ཐག་རིང་ཚད་སྤྱི་ལེ44ཡོད་པ་དང་ལྷོ་ནུབ་བར་རྒྱང་ཐག་རིང་ཚད་སྤྱི་ལེ112ཡོད་པ་རེད།

སྡེ་རོང་གི་རིག་གནས་ཡུལ་སྐོར་མཛེས་ལྗོངས།

ཤོག་འཆམ་ནི་ཉི་མའི་ལུང་པ་རུ་གྲགས་པའི་སྔོན་བྱོན་མེས་པོ་རྣམས་ཀྱི་རྗེས་རབས་པར་བཞག་པའི་རིག་གནས་སྒྱུ་རྩལ་གྱི་གཅེས་ནོར་ཡིན་ཞིང་། ས་གནས་དེ་གའི་དམངས་ཁྲོད་དུ་ཁྱབ་པའི་བཤད་སྲོལ་ལ་གཞིགས་ན། རྒྱ་བཟའ་ཀོང་ཇོ་བོད་ལ་གདན་དྲངས་པའི་སྐབས་སུ་འབྲི་ཆུའི་འགྲམ་དུ་ཤོག་འཆམ་འཁྲབ་སྟོན་བྱས་ཏེ་བསུ་མའི་མཛད་སྒོ་སྤེལ་ནས་རྟེན་འབྲེལ་གྱི་ཆོ་ག་རབ་དང་རིམ་པ་སྤེལ། མཛད་སྒོ་དེར་དྲན་རྟེན་བྱེད་ཕྱིར་དམངས་ཁྲོད་ཀྱི་ཞབས་བྲོ་འདི་མི་རབས་ནས་མི་རབས་བར་དུ་རྒྱུན་འཛིན་བྱུང་ནས་ད་བར་དུ་མ་ཉམས་སོར་གནས་བྱུང་ཡོད་པ་རེད།

1502184026903457.jpg

སྡེ་རོང་གི་ཤོག་འཆམ།

རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་གྲས་སུ་གཏོགས་པའི་ཝ་ཁའི་ཤོག་འཆམ་ཕུད་ཁ།

1502184026249989.jpg

སྡེ་རོང་རྫོང་ལ་ད་དུང་ཛིའུ་ཡི་གཞས་དང་ཆུ་གཡར་སྒང་གི་ཞབས་བྲོ་དགུ་རྒྱག   ཞོལ་ལུང་གི་སྒྲ་སྙན་སོགས་ངོ་མཚར་སྟོང་དང་ལྡན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ལོ་རྒྱུས་ཀྱི་རིག་གནས་མཚོན་པའི་དམངས་ཁྲོད་སྒྱུ་རྩལ་དར་ཁྱབ་ཆེ་བ་རེད།

སྡེ་རོང་གི་གྱང་གླུ།

སྡེ་རོང་རྫོང་གི་མི་སེར་རྣམས་ཀྱི་སྡོད་ཁང་ནི་ས་ལས་བཟོས་པའི་གྱང་ཡིན་ཞིང་། ནམ་རྒྱུན་མི་ཚོས་གྱང་རྡུང་བའི་སྐབས་སུ་དང་པོ་གླུ་དབྱངས་ལེན་པ་དང་། དཔེར་ན“ཨ་ལ་རྒྱ་མོ་ཤུགས་ལ་ཡ། ཨ་ལ་རྒྱ་མོ་ཤུགས་ལ་ཡ”ཞེས་ལེན་སྲོལ་ཡོད་པ་རེད། ས་གནས་དེ་གའི་མི་རྒན་ཚོས་བཤད་སྲོལ་ལྟར་ན་གླུ་དབྱངས་དེ་རིགས་ནི་གྱང་བཟོ་འགོ་ཚུགས་པའི་སྐབས་སུ་མི་ཚོར་ངར་ཤུགས་སློང་ཡས་ཡིན་པ་རེད།

1502184026234919.jpg

གཉིས་པ་གཞི་བདག་ལ་བསྟོད་པ་བྱེད་སྲོལ་ཡོད་ཅིང་། དེ་ནི་གྱང་བཟོ་སྐབས་གདོན་བགེགས་བར་ཆད་མི་ཡོང་བའི་ཆེད་དུ་རང་གི་ཡུལ་ལྷ་གཞི་བདག་ལ་ཁ་འབོད་ཚུལ་གྱི་བསྟོད་པ་བྱེད་སྲོལ་ཡོད་པ་ཞིག་རེད། གསུམ་པ་ནི་བཀྲ་ཤིས་བརྗོད་སྲོལ་ཡོད་ཅིང་། དེ་ནི་གྱང་བཟོ་བའི་སྐབས་སུ་ཤིས་བརྗོད་ཀྱི་ཚིག་འདྲེས་པ་དེ་དག་དབྱངས་སུ་ལེན་སྲོལ་ཡོད་པ་ཞིག་རེད། དཔེར་ན། དེ་རིང་གནམ་ལ་སྐར་མ་བཟང་། དེ་རིང་ས་ལ་དུས་ཚོད་བདེ། དེ་རིང་བར་གྱི་ཚེས་གྲངས་བཟང་། ས་ནག་པོ་ཐོག་ལ་ཐིག་དཀར་པོ་རྒྱབ། ༀམཎིཔདྨེཧཱུ ཐིག་དཀར་པོ་ཐོག་ལ་རྨིག་གཅིག་བཤུལ། ཡང་རྨིག་གཅིག་ཐོག་ལ་རྡོ་གཅིག་བཞག

1502184026506300.jpg

འབྲི་ཆུའི་ཁུགས་སོ།

གྲོག་རོང་ལུང་ཁུག་དེད་ནས་འབབ་པའི་འབྲི་ཆུ་འདི་སི་ཁྲོན་དང་ཡུན་ནན་ཞིང་ཆེན་གྱི་ས་མཚམས་སུ་སླེབས་སྐབས། དྲག་ཏུ་འབབ་པའི་ཆུ་རྒྱུན་རིམ་བཞིན་དལ་གྱིས་བབས་ནས་རི་འཛོམས་ཞེས་པའི་ལྷུན་པོ་འདི་བསྐོར་ནས་བབས་པས་འབྲི་ཆུའི་ཁུགས་སོའི་རང་བྱུང་མཛེས་ལྗོངས་འདི་གྲུབ་པ་རེད། འདི་ནི་རང་རྒྱལ་གྱི་ཆེས་མཛེས་པའི་མཛེས་ལྗོངས༤༠ཡི་ནང་གི་ཡ་གྱལ་ཞིག་ཡིན་པ་རེད།

1502184026202565.jpg

འབུམ་མོ་གྲོག་རོང་།

འབུམ་མོ་གྲོག་རོང་ནི་སྡེ་རོང་རྫོང་གི་དབུས་རྒྱུད་དུ་དམར་ཆུ་དང་ནགས་ཕུག་ཆུ་བོ་གཉིས་འཛོམས་ས་ནས་ནགས་ཕུག་ཆུ་བོ་དེད་དེ་སྟོད་རྒྱུད་ཀྱི་ཕག་རི་ཤང་གི་ས་མཚམས་བར་དུ་ཆགས་པའི་གྲོག་རོང་ཞིག་ཡིན་པ་རེད། རིང་ཚད་སྤྱི་ལེ30ཙམ་ཡོད་པའི་གྲོག་རོང་འདི་ནི་སྡེ་རོང་རྫོང་གི་ཆེས་ཆེ་བའི་གྲོག་རོང་གི་མཛེས་ལྗོངས་ཡིན་པ་དང་། འབུམ་པོ་གྲོག་རོང་བརྒྱུད་ཡུལ་དུ་འབུམ་མོའི་བོད་སྡེ།  གཡང་གཟར་གྱི་གྲོག་རོང་། འབུམ་གཞོང་རྩྭ་ཐང་སོགས་ཀྱི་མཛེས་ལྗོངས་ཡོད་པ་རེད།

1502184026851290.jpg

ༀ་བརྒྱ་གནས་རི།

དཀར་མཛེས་ཁུལ་གྱི་སྡེ་རོང་རྫོང་གི་ཁོངས་སུ་ཡོད་པའི་གནས་ཆེན་ༀ་བརྒྱ་གནས་ཞེས་པའི་གནས་རི་དེ་ཉིད།  དཔྱད་གཞིའི་ཡིག་རིགས་སུ་བཀོད་པ་ལྟར་ན། གནས་འདི་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་གནས་ཆེན་བརྒྱ་དང་བརྒྱད་ཀྱི་ནང་གསེས་གཅིག་ཡིན་པར་མ་ཟད། བོད་ཁམས་སུ་གནས་ཁང་བརྒྱ་དང་བརྒྱད་ཀྱི་གནས་སྒོ་ཕྱེ་བའི་ལྡེ་མིག་ཡོད་ཅེས་ཟེར་སྲོལ་ཡོད་པ་ཞིག་རེད།

1502184027559565.jpg

ༀ་བརྒྱ་ནི་བོད་ཡིག་ཏུ་ༀ་ཡིག་བརྒྱ་ཡི་དོན་ཡིན་པ། གནས་ཆེན་ༀ་བརྒྱའི་མགོ་མཇུག་བར་དུ་རང་བྱོན་གྱི་ༀ་ཡི་མང་པོ་མཐོང་རྒྱུ་ཡོད།  ད་ལོའི་དཔྱིད་གསར་དུས་ཆེན་གྱི་སྐབས་སུ་སྨྱུག་འཛིན་པས་རང་རྒྱལ་གྱི་ས་གནས་སོ་སོ་ནས་འོངས་པའི་མི་རིགས་མི་འདྲ་སྣ་ཚོགས་དང་། ད་དུང་ཕྱི་རྒྱལ་ནང་འོངས་པའི་ཡུལ་སྐོར་བ་གྲངས་ལས་འདས་པ་ཞིག་གནས་དེར་འཛོམས་ཡོད་པ་མཐོང་བྱུང་།  ས་གནས་དེ་གའི་རྒན་རབས་པ་ཚོས་བཤད་པ་ལྟར་ན།  གནས་རི་འདིའི་ལོ་རྟགས་ནི་མེ་ཕག་ཡིན་ཞིང་།  ལོ་རྟགས་འདི་ལྟ་བུའི་གནས་བདག་ནི་ལོ་དྲུག་ཅུ་ལ་ཐེངས་མ་རེ་མ་གཏོགས་མེད་པའི་དབང་གིས་གནས་སྐོར་ལ་འོང་མཁན་ཧ་ཅང་མང་།  དོག་ཅིང་གཟར་བའི་ཀྱག་ཀྱོག་གི་གནས་ལམ་དུ་དད་ལྡན་གྱི་གནས་སྐོར་བ་རྣམས་གྲལ་རིང་པོ་བསྒྲིགས་ནས་ལ་ལས་མ་ཎི་རྒྱང་འབོད་བྱེད་པ་དང་།  ལ་ལས་སྐད་ཤུགས་ཆེན་པོས་གནས་ༀ་བརྒྱ་ཡག་བྱུང་བྲག་ལམ་ཞན།། ངའི་བོང་བུའི་མིག་ནང་མཆི་མ་འབབ།། ཞེས་ཟེར་ནས་གླུ་ལེན་པས་ཡིད་སེམས་སུ་དགའ་སྐྱོ་འདྲེས་མའི་ཚོར་སྣང་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས།

1502184027633781.jpg

ད་དུང་ཕྱི་ཕྱོགས་ནས་འོངས་བའི་ཡུལ་སྐོར་བ་ཚོས་དྲན་རྟེན་གྱི་ཚུལ་དུ་པར་སྒྲོན་པ་དང་། སེམས་འགུལ་ཐེབས་པའི་དབང་གིས་མགུལ་བའི་སྦུག་ནས་གླུ་ཆུང་བླངས་པར་བྲེལ་བཞིན་མཆིས། ཁོ་ཚོ་ལ་ལ་ནི་རང་ཁུལ་གྱི་རྫོང་ཁག་སོ་སོ་ནས་ཡོང་བ་དང་ལ་ལ་ནི་རང་རྒྱལ་གྱི་ས་གནས་སོ་སོ་ནས་འོང་བའི་ཡུལ་སྐོར་བ་ཡིན་པ་རེད།   ལོ་གསར་གྱི་སྔོན་རྗེས་སུ་གནས་སྐོར་ཡོང་མཁན་ཉིན་རེར་མི་གྲངས700ལྷག་ཟིན་པ་རེད། 

1502184027762872.jpg

སྡེ་རོང་རྫོང་གི་ལམ་སྒྲོན་གྱི་ཁྱད་ཆོས།

སྡེ་རོང་རྫོང་གྲོང་གི་ལམ་སྒྲོན་ནི་གློག་ཀ་རིང་པོ་ཞིག་གི་དཀྱིལ་དང་སྟོད་ཀྱི་གཡས་གཡོན་ལ་འབྲུག་གཉིས་ཀྱིས་ཁ་རུ་ནོར་བུའི་ཚུལ་དུ་བཟོས་པའི་གློག་སྒྲོན་ཞབས་གདན་དང་བཅས་པ་གཉིས་བཟུང་བ་དང་། དེའི་ཐོག་གི་གཡས་གཡོན་དུ་བྱ་གཉིས་རྒྱབ་སྤྲོད་ཡོད་ཅིང་། གློག་ཀའི་ཏོག་ཏུ་ཉི་མ་ཟླ་བས་ཡོངས་སུ་བརྒྱན་འདུག་པས་སྡེ་རོང་ལུང་པ་ལ་བཀྲ་ཤིས་ཉི་མའི་ལུང་པ་ཞེས་བཏགས་པའི་མཚོན་རྟགས་གསལ་ཞིང་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ས་གནས་རིག་གནས་ཀྱི་ཤན་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།