མདུན་ཤོག- གནས་སྐོར།- གནས་སྐོར་ཞབས་ཕྱི།

ཁམས་རའི་མཛེས་ལྗོངས་ལ་ཡུལ་སྐོར་ལམ་ཐིག་གསར་བ་ཕྱེས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-03 11:13

ཉེ་ལམ། ཁམས་རའི་མཛེས་ལྗོངས་ས་ཁུལ་ལ་གསར་དུ་བཟོས་པའི་ཡུལ་སྐོར་ལམ་ཐིག་གསར་བ་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ལམ་གནས་སྐོར་ལམ་ཐིག་ཐོག་མ་སྟེ། ཁྲི་ཀ་རྫོང་ནས་ཁམས་རའི་བར་གྱི་ཆུ་ལམ་གནས་སྐོར་ལམ་ཐིག་དངོས་སུ་ཕྱེས། ཞིང་ཆེན་ཕྱི་ནང་གི་གནས་སྐོར་ཀུང་ཟི་བཞི་བཅུ་ལྷག་གི་འཐུས་ཚབ་མི་སྣ་དང་། གསར་འགོད་པ་མང་པོ་ལམ་ཐིག་གསར་བའི་མཚམས་སྦྱོར་ཚོགས་འདུར་ཞུགས།

གནས་སྐོར་ལམ་ཐིག་གསར་བ་འདིའི་སྤྱིའི་རིང་ཚད་ལ་སྤྱི་ལེ་དགུ་བཅུ་གོ་ལྔ་ཡོད་པ་དང་། དེའི་ཁྲོད་དུ་ཆུ་ལམ་སྤྱི་ལེ་ལྔ་བཅུ་ང་གཉིས་དང་སྐམ་ལམ་སྤྱི་ལེ་བཞི་ཅུ་ཞེ་གསུམ་ཡོད། གནས་སྐོར་ལམ་ཐིག་འདི་ལ་ཉིན་གཉིས་རིང་བགྲོད་དགོས་པ་དང་། འཛིན་བྱང་ལ་སྒོར་སུམ་བརྒྱ་དགུ་བཅུ་རེད། ལམ་བར་དུ་དེའུ་གོང་ཞབས་ཞུའི་ཁུལ་ནས་ཟ་མ་ཟོས་ཏེ་ཞག་འདུག་བྱས་ཆོག ལམ་ཐིག་འདིའི་ལམ་བར་དུ་མཛེས་སྡུག་ལྡན་པའི་རི་ཆུ་དང་ཆོས་ལུགས་རིག་གནས། རྨ་ཆུའི་ན་ཁུག གྲོག་རོང་གི་ཆུ་ཁོལ་སོགས་ཁྱད་ཆོས་ཀྱིས་ཕྱུག་པའི་གནས་སྐོར་འཚོ་བ་ཉམས་སུ་མྱང་ཆོག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག