མདུན་ཤོག- གནས་སྐོར།- གནས་སྐོར་ཚོང་ཟོག

ལོ་འཁོར་མེ་ལོང་།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-08-03 11:13

བོད་མིས་རྐེད་པར་འཆིང་བའི་ལོ་འཁོར་མེ་ལོང་།

ཆོས་ལུགས་ཀྱི་བག་ཆགས་ཟབ་མོས་རྐྱེན་པས་བོད་མིའི་བསམ་པའི་ནང་ལྷ་འདྲེའི་གནོད་པ་དང་། བགེགས་དང་བར་ཆད་མི་ཡོང་ངམ་སྙམ་པའི་རྣམ་རྟོག་ཆེན་པོ་ཡོད། དེར་བརྟེན་བོད་མིས་གནོད་པ་འགོག་རྒྱུ་དང་བགེགས་བར་ཆད་བཟློག་ཐུབ་ཆེད་ཐབས་སྣ་ཚོགས་བྱེད་སྲོལ་ཡོད། དེའི་ནང་ནས་རྐེད་པར་མེ་ལོང་འདོགས་པ་དེ་ཡང་ནག་རྩིས་ཀྱི་སྲུང་ཐབས་གཅིག་ཡིན། མེ་ལོང་གི་མདུན་ངོས་སུ་པར་ཁ་དང་། རྨེ་བ། ལོ་འཁོར་བཅུ་གཉིས་དང་རྫི་པར་སོགས་ཀྱི་རི་མོ་བྲིས་ཡོད་པས་དེ་རྐེད་པར་བཏགས་ནས་བུམ་སྟོང་ལ་སོགས་པའི་ཁ་ཕྱོགས་ངན་པ་དང་། གཟའ་སྐར་ངན་པ་བཟློག་པ་མ་ཟད། ས་བདག་ཀླུ་གཉན་གྱི་གནོད་པ་འགོག་ཐུབ་པའི་ཟེར་སྲོལ་ལ་བརྟེན་ནས་མེ་ལོང་འདོགས་པའི་སྲོལ་དེ་ཆགས་པ་ཡིན་སྙམ། འོན་ཀྱང་རྩ་བ་འཛིན་ས་ཡོད་པའི་ཡིག་རིགས་སོགས་ལག་སོན་མ་བྱུང་བས་དཔྱད་གཞི་ཙམ་དུ་ཕུལ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག