མདུན་ཤོག- གནས་སྐོར།- གནས་སྐོར་ཞབས་ཕྱི།

བོད་ལྗོངས་གནས་སྐོར་ཐོན་ཁུངས།

  ཡོང་ཁུངས། 《བོད་སྤྱི་བཤད》ལས་བཏུས།  2014-07-30 11:30

བོད་ལྗོངས་ལ་གནས་སྐོར་ལྗོངས་རྒྱུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་དེ། ལྷ་སའི་གནས་སྐོར་ཁུལ་དུ། ལྷ་ས། ཡངས་པ་ཅན། འདམ་གཞུང་། རྒྱལ་རྩེ། རྩེད་ཐང་། གཞིས་ཀ་རྩེ། ཡར་འབྲོག་གཡུ་མཚོ་སོགས་ཡོད། ལྷ་ས་ནི་བོད་ལྗོངས་ཀྱི་སྲིད་འབྱོར་རིག་གསུམ་དང་འགྲིམ་འགྲུལ་གྱི་ལྟེ་གནས་ཡིན་ལ་བོད་བརྒྱུད་ནང་བསྟན་གྱི་ལྟེ་གནས་ཀྱང་ཡིན། འདི་རུ་གཙུག་ལག་ཁང་དང་རྒྱ་སྟག་ར་མོ་ཆེ། རྩེ་པོ་ཏ་ལ། བར་སྐོར། ནོར་བུ་གླིང་ག སེ་འབྲས་དགེ་གསུམ་སོགས་ཡོད། བོད་ལྗོངས་ནུབ་ཕྱོགས་སུ་མངའ་རིས་སྐོར་གསུམ་སྟེ། གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་སོགས་གནའ་ཤུལ་གྲགས་ཅན་དང་གངས་ཏི་སེ་སོགས་ངོ་མཚར་བའི་གནས་མང་པོ་ཡོད། བོད་ལྗོངས་ལྷོ་ནུབ་ཁུལ་གྱི་གནས་སྐོར་བྱེད་ས་གཙོ་བོ་ནི་རིར་འགོ་བ་ཡིན་ལ། འཛམ་གླིང་གི་ཆེས་མཐོ་བའི་རི་བོ་སྟེ་ཇོ་མོ་གླང་མའང་འདི་ན་ཡོད། འདིར་འགྲམ་ནས་འོངས་པའི་བལ་བོ་ཕྱོགས་ཀྱི་ཡུལ་སྐོར་པ་མང་པོར་སྣེ་ལེན་བྱེད།

བོད་ལྗོངས་ལྷོ་ཕྱོགས་ཁུལ་གྱི་གནས་སྐོར་བྱེད་ས་གཙོ་བོ་ནི་ཉིང་ཁྲི་ས་ཁུལ་ཡིན་ཞིང་། འདིར་འཛམ་གླིང་སྟེང་ཆེས་རིང་བའི་ལུང་འགག་ཆེན་པོ་སྟེ། རིང་ཚད་སྤྱི་ལེ496.3དང་ཆེས་གཏིང་བའི་མཐོ་ཚད་ལ་མཚོ་ངོས་ལས་སྨི5382ཅན་གྱི་ཡར་ཀླུང་གཙང་པོའི་ལུང་འགག་ཡོད།ལུང་འགག་རིང་མོ་འདིའི་ཁྱབ་ཁོངས་སུ་ཆེས་ཕུན་སུམ་ཚོགས་པའི་ནགས་ཚལ་ཐོན་ཁུངས་ཡོད་ཅིང་།རྩི་ཤིང་གི་རིགས3600ལྷག་ཡོད་པས་བོད་ལྗོངས་རྩི་ཤིང་སྤྱི་གྲངས་ཀྱི63%ཟིན། ཁུལ་འདིར་གནས་སྐོར་ལྗོངས་རྒྱུའང་ཕུན་སུམ་ཚོགས་པ་མངའ་སྟེ། བྲག་གསུམ་མཚོ། རི་བོ་གནམ་ལྕགས་འབར་བ་ལ་མཐོ་ཚད་ལ་མཚོ་ངོས་ལས་སྨི7787ཡོད་ཅིང་འཛམ་གླིང་སྟེང་རི་བོ་མཐོ་གྲས་ཀྱི་ཨང15པ་རེད། ད་དུང་བོན་རི། ཀོང་པོའི་ཉིང་ཆུ། རྨ་གཤོང་ལ།﹙米拉山﹚སེར་ཁྱིམ་ལའང་གསེར་སྐྱེམས་ལ། ཀོང་པོ་ཀླུ་ལུང་སོགས་གནས་འདིར་ཡོད་ལ། དེ་མིན་ཉིང་ཁྲི་དེ་མོ་རྡོ་བརྐོས། སྣང་རྫོང་སྐྱེམས་སྟོང་གི་གནའ་བོའི་བང་སོའི་ཚོགས་ལས་གཞན། སྤོ་མེས་རྫོང་། མེ་ཏོག་རྫོང་། རྫ་ཡུལ་རྫོང་། སྨན་གླིང་རྫོང་། ཀོང་པོ་རྒྱ་མདའ་རྣམས་སུའང་གནའ་ཤུལ་གྲགས་ཅན་དང་རང་བྱུང་མཛེས་ལྗོངས་ཁྱད་མཚར་ཅན་མང་པོ་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག