མདུན་ཤོག- གནས་སྐོར།- གངས་ཅན་རི་ཀླུང་བསྟན་བཅོས།

རི་རྒྱལ་ལྷུན་པོ་ཨ་མྱེས་རྨ་ཆེན།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2011-07-17 10:44

ཨ་མྱེས་རྨ་ཆེན་ནི། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཁོངས་སུ་ཡོད་ལ། དེ་ལ་རྨ་རྒྱལ་སྦོམ་ར་དང་རྨ་རྒྱལ་གངས་རིའང་ཟེར། རྒྱ་མཚོའི་ངོས་ལས་རྨིད་དྲུག་སྟོང་ཉིས་བརྒྱ་གྱ་གཉིས་ཀྱིས་མཐོ་བ་ཡོད། སྲིད་པ་ཆགས་པའི་ལྷ་དགུའི་ནང་གསེས་གཞི་བདག་མཐུ་བོ་ཆེ་ཨ་མྱེས་རྨ་ཆེན་གྱི་གནས་རི་ཡིན་པར་བཤད། འདི་ནི་མདོ་ཁམས་ཀྱི་བདག་པོ་ས་བཅུ་པ་ཐོབ་པར་གྲགས་ཤིང་། ཁོང་ལ་སྲས་དང་སྲས་མོ་མང་བ་ལས། དེ་དང་དེའི་གནས་རི་ནི་བོད་ཁམས་ཀུན་ལ་ཁྱབ་ཡོད་དོ།  །