མདུན་ཤོག- གནས་སྐོར།- གནས་སྐོར་ཞབས་ཕྱི།

མཚོ་སྔོན་པོའི་སྦྲ་གུར་མགྲོན་ཁང་།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2011-07-17 10:42

མཚོ་སྔོན་པོའི་སྦྲ་གུར་མགྲོན་ཁང་ནི་གུང་ཧོ་རྫོང་ཅང་སི་ཤང་གི་ས་ཁོངས་མཚོ་སྔོན་པོའི་འགྲམ་དུ་ཡོད། དེ་སྤྱི་ལོ1988ལོར། སྔར་གྱི151རི་གླག་འཕྲུལ་འཁོར་བཟོ་ཁང་རྨང་གཞི་བྱས་ཏེ་བསྐྲུན་པ་ཡིན། མཚོ་ལྷོ་ཁུལ་གྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒོ་མོ་ཡིན། མཚོ་ཁའི་སྐར་རིམ་གཉིས་པའི་མགྲོན་ཁང་གཅིག་པུ་ཡིན། སྤྱི་ལོ2001སྔོན་དེར། འགྲུལ་ཁང་ཁང་མིག106དང་མལ་ཁྲི276དང་། འགྲུལ་གུར40། གསོལ་ཁང5། མི800ཡིས་མཉམ་དུ་ཟས་བཟའ་ཆོག མགྲོན་ཁང་དུ་འགྲུལ་བསུ་དང་། གླུ་ལེན། ཆང་འདྲེན། མེ་བསྒོང་མཚན་ཚོགས། འབྲོག་ཁྱིམ་དུ་བལྟ་བ། བྲོ་གར་འཁྲབ་པ་སོགས་རྩེད་མོ་མང་། གླང་ཆེན་མཆེ་བ་ནས་མཚོ་སྙིང་དང་འདྲེ་མོ་བྲག་དཀར་སོགས་ལ་གླུ་གཏོང་བ་བཅས་ཡོད། མགྲོན་ཁང་བཙུགས་ནས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་པ་ཅང་ཙེ་མེན། ལི་རོས་ཧོན། ཧུ་ཅིན་ཐོ། ང་ཕོད་སོགས་བསུས་མྱོང་།

ལྗོངས་རྒྱུ་ལས་དོན་འཕེལ་བར་བསྟུན་མཚོ་ཁ་རུ་ད་དུང་བྱ་གླིང་མགྲོན་ཁང་། མཚོ་ཤར་ཁྲོམ་ར། ཅང་སི། རྟ་ནག་མ། སྤྲེ་ནག་སོགས་སུ་སྦྲ་གུར་མགྲོན་བསུ་བྱེད་ས་བསྐྲུན་ཡོད།  །