མདུན་ཤོག- གནས་སྐོར།- གནས་སྐོར་ཞབས་ཕྱི།

བདེ་ཆེན་ཁུལ་གྱིས“ཤམ་བྷ་ལའི་གནས་སྐོར་མིང་རྟགས”གསར་སྐྲུན་བྱེད་པར་ནུས་ཤུགས་གང་ལེགས་འདོན་བཞིན་ཡོད་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2011-05-08 12:50


ཤམ་བྷ་ལའི་ཚན་སྡེབ་ཀྱིས་སྙན་འཇེབས་ཀྱི་གླུ་དབྱངས་ལེན་བཞིན་པ།

 དུས་ཡུན་ཉིན་གསུམ་རིང་གི་ཀྲུང་གོའི་ཁོན་མིན་རྒྱལ་སྤྱིའི་རིག་གནས་གནས་སྐོར་དུས་ཆེན་ནམ་ཁོན་མིན་རོལ་རྩེད་དུས་ཆེན་སྟེང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་དང་ཁོན་མིན་གྲོང་ཁྱེར་གྱི་མང་ཚོགས་རྣམས་ལ་གནས་སྐོར་རིག་གནས་གྱ་ནོན་པ་ཞིག་འགྲེམ་སྟོན་བྱས་ཏེ། “ཤམ་བྷ་ལའི་གནས་སྐོར་མིང་རྟགས”གསར་སྐྲུན་བྱེད་པར་ནུས་ཤུགས་ཡོད་དགུ་བཏོན།
  ཐེངས་སྔོན་མའི་རོལ་རྩེད་དུས་ཆེན་དང་མི་འདྲ་ས་ཞིག་ཡོད་པ་ནི་ཐེངས་འདིའི་རོལ་རྩེད་དུས་ཆེན་རྒྱལ་སྤྱིའི་རང་བཞིན་དང་མང་ཚོགས་རང་བཞིན། ཚོང་རའི་རང་བཞིན་ཐད་ལ་རྒྱ་བསྐྱེད་པ་པ་དང་། འཁྲབ་སྟོན་རུ་ཁག་དག་ནི་ཡུན་ནན་ཞིང་ཆེན་ནང་ཁུལ་གྱི་ས་གནས་དང་ཁུལ་སོ་སོ། ཨེ་ཤ་ཡའི་ཤར་ལྷོའི་ས་ཁུལ་ནས་གླིང་ཆེན་ཨ་མེ་རི་ཁ་སོགས་ཀྱི་འཁྲབ་སྟོན་པ་ཞུགས་ཡོད་པ་མ་ཟད། གྲོང་མི་རྣམས་ཀྱང་ཞུགས་ཡོད།
  རོལ་རྩེད་དུས་ཆེན་སྟེང་དུ་གནས་སྐོར་མིང་རྟགས་འགྲེམ་སྟོན་བྱས་པ་བརྒྱུད། སྔར་ལས་ལྷག་པར་སེམས་ཀྱི་ཉི་ཟླ་རྫོང་གི་མི་རིགས་རིག་གནས་དང་རྒྱལ་སྤྱིའི་རིག་གནས་གཉིས་བསམ་བློ་བརྗེ་རེས་བྱེད་པར་ཤུགས་སྣོན་པ་དང་། ས་ཁུལ་བར་མཉམ་འབྲེལ་བྱེད་པར་སྐུལ་འདེད་བྱས། དུས་མཚུངས་སུ་“ཤམ་བྷ་ལའི་གནས་སྐོར་མིང་རྟགས”འདི་རྒྱལ་སྤྱིའི་རང་བཞིན་གྱི་མི་རིགས་རིག་གནས་གནས་སྐོར་མིང་རྟགས་ཅན་དུ་གསར་སྐྲུན་བྱེད་པ་དང་། ཤམ་བྷ་ལའི་རིག་གནས་རྒྱལ་སྤྱིའི་ལ་ཁ་ཕྱོགས་པར་རྨང་གཞི་བཏིངས།  །