མདུན་ཤོག- གནས་སྐོར།- གནས་སྐོར་ཞབས་ཕྱི།

བོད་དུ་ལྗོངས་རྒྱུ་བྱེད་སྐབས་ངོ་གདོང་ལ་བདག་གཅེས་ཇི་ལྟར་བྱེད་དགོས་སམ།(གཉིས་པ)

  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2011-01-20 11:17

 ངོ་གདོང་གི་པགས་པར་གནོད་སྐྱོན་ཕོག་པ་དང་རྒས་ཤས་ཆེ་བའི་རྒྱུ་རྐྱེན་གཙོ་བོ་ནི་ཉི་འོད་འཕྲོ་ཤུགས་ཆེ་བས་ཡིན་པ་ཚན་རིག་མཁས་ཅན་ཚོས་ཞིབ་འཇུག་བྱས་ནས་ར་སྤྲོད་བྱས་ཡོད། བོད་དུ་ས་བབ་མཐོ་བ་དང་གནམ་གཤིས་སྐམ་ཤས་ཆེ་བ་དང་།མཁའ་རླུང་ཉུང་བ།ཐལ་རྡུལ་མང་བ་མ་ཟད་སྨུག་ཕྱིའི་འོད་ཤུགས་ཀྱང་ཆེན་པོ་ཡོད་པས་འགྲུལ་བཞུད་པར་དཀའ་ངལ་ཆེན་པོ་བཟོ་ཡི་ཡོད།འགྲུལ་བཞུད་བྱེད་སྐབས་ཉི་ལྷགས་ཀྱི་གནོད་པ་མི་ཕོག་པ་བྱེད་དགོས་ཚེ་ངེས་པར་དུ་གྲ་སྒྲིག་ཨང་བསར་བྱེད་དགོས།