མདུན་ཤོག- གནས་སྐོར།- གནས་མཆོག་ངོ་སྤྲོད།

བོད་བྱང་ཐང་།-རང་བྱུང་ཁམས་ཀྱི་སྲོག་ཆགས་གླིང་ག

  བོད་ལྗོངས་ཆ་འཕྲིན་ལྟེ་གནས།  2010-03-24 09:14

   བོད་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་བྱང་ཕྱོགས་སུ་ཡོད་ལ། དེའི་ཁོངས་སུ་ཁུ་ནུ་རི་རྒྱུད་དང་མདོ་ལ་རིང་མོ་གཉིས་ཀྱི་ལྷོ་ནས་གངས་ཏི་སེ་དང་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་བྱང་བཅས་འདུས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི2980ཡོད་པ་རེད། སྲུང་སྐྱོབ་ཁུལ་དེའི་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་ཆ་སྙོམས་སྨི5000ཡན་ཡོད་ཅིང་། འཛམ་གླིང་གི་ཡང་རྩེའི་ཡང་རྩེ་ཞེས་པའི་མཚན་སྙན་ཡོད་པ་དང་། འཛམ་གླིང་ཡོངས་ལ་མཚོན་ན་སྐྱེ་ཁམས་མ་ལག་ཐུན་མོང་མིན་པ་ལྡན་པའི་ས་ཁམས་ཤིག་ཡིན་ལ། དེར་རྔམ་བརྗིད་ལྡན་པའི་གངས་རི་དང་།གཡུ་ཡི་མཎྜལ་ཐང་ལ་བརྡལ་འདྲའི་མཚོ་དང་མཚེའུ་མང་ཞིང་། ཡང་སྲོག་ཆགས་སྣ་ཚོགས་བག་ཡངས་སུ་རྒྱུ་བའི་རང་བྱུང་གི་སྲོག་ཆགས་གླིང་ག་ལྟ་བུ་ཞིག་ཀྱང་ཡིན་པ་རེད།   །

    བོད་བྱང་ཐང་གི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྒོ་བྱང་།

     བོད་བྱང་ཐང་གི་རང་བྱུང་སྲུང་སྐྱོབ་ཁུལ་དུ་འཚོ་བའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཏེ་འབྲོང་།

      བྱང་ཐང་དུ་བག་ཡངས་ངང་རྒྱུ་བའི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ངང་བ་མགྲིན་སེར།

     བོད་བྱང་ཐང་གི་རང་བྱུང་སྲུང་སྐྱོབ་ཁུལ་དུ་འཚོ་བའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཏེ་ཁ་དཀར་རྐྱང་།

      བོད་བྱང་ཐང་གི་རང་བྱུང་སྲུང་སྐྱོབ་ཁུལ་དུ་འཚོ་བའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཏེ་གཙོད། 

      བོད་བྱང་ཐང་གི་རང་བྱུང་སྲུང་སྐྱོབ་ཁུལ་དུ་འཚོ་བའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཏེ་རྒྱ་རུ།