ཀྲང་ཀོང་རུང་གིས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དང་པོའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་མཚོ་སྔོན་ཞིང་ཆེན་གྲོས་ཚོགས་ལྟེ་གནས་དང་། མཚོ་སྔོན་མགྲོན་ཁང་། རྣམ་རྒྱལ་མགྲོན་ཁང་། ལན་པོ་ཧྲི་མགྲོན་ཁང་བཅས་སུ་སོང་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱས། 

ཀྲང་ཀོང་རུང་གིས་སྔ་གཞུག་ཏུ་གློག་འོད་དང་སྒྲ་སྒམ། བརྡས་ཐག་གཅོད་ཆས་སོགས་སྒྲིག་ཆས་དང་། ཚོགས་རའི་མེ་འགོག་གནས་ཚུལ། བདེ་སྲུང་སྒྲིག་ཆས། ཉལ་ས་དང་ཟ་མ་ཡི་བཀོད་སྒྲིག བརྙན་འཕྲིན་ཐད་གཏོང་སོགས་ཕྱོགས་ཡོངས་ལ་ཞིབ་བཤེར་བྱས་རྗེས་རེ་བ་འདོན་རྒྱུར། ཚན་ཁག་སོ་སོའི་ལས་བཟོ་བས་འགན་འཁུར་སྔར་ལས་གསལ་བོ་བྱེད་དགོས་ལ། ལས་བགོས་ཞིབ་མོ་བྱེད་པ་དང་། མཉམ་ལས་ལ་ཤུགས་སྣོན་བྱས་ནས། ཚོགས་ཆེན་སྐབས་ཀྱི་བྱ་བ་བཟང་པོར་སྒྲུབ་དགོས་པ་དང་། བསམ་བློའི་མཐོ་ཚད་ལ་མཐོང་ཆེན་བྱེད་པ་དང་། བྱ་བའི་ཞིབ་ཕྲ་ལ་མཐོང་ཆེན་བྱེད་པ། མཐུན་སྦྱོར་མཉམ་ལས་ལ་མཐོང་ཆེན་བྱེད་པ། སྒྲིག་ཁྲིམས་ནན་བརྩི་བྱེད་པ། ཐོག་མཐའ་ཀུན་ཏུ་དྲིལ་སྒྲོག་དང་ཚོགས་འདུའི་རྗེས་ཀྱི་སྤྱི་བསྡོམས་བཅས་ཞབས་ཞུའི་བྱ་བ་བཟང་པོར་བསྒྲུབ་པར་མཐོང་ཆེན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། རམས་ཚེ་བྷོ།

དཔྱད་མཆན 0 ཡོད།