མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ1པོའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་གཙོ་བོའི་ཆེད་དོན་བགྲེ་གླེང་འཛིན་གྲྭའི་དགོངས་དོན་དང་ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་དང་ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བབ་བསྟུན་མདུན་སྐྱོད་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཏིང་ཟབ་དང་རྒྱ་སྐྱེད་པ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་བཀོད་སྒྲིག་དང་ལག་བསྟར་ཡིན་པས། བསམ་བློ་དང་ངོས་འཛིན་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་ཉེན་ཁ་ཆེན་པོ་འགོག་སེལ་བྱེད་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ། ཉེན་ཁར་དབྱེ་འབྱེད་བྱེད་པའི་ནུས་པ་སྔར་ལས་ཇེ་དྲག་ཏུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་སྐྱིད་སྡུག་མཉམ་མྱོང་བྱེད་པའི་རང་རྟོགས་མཐོན་པོ་ཇེ་དྲག་ཏུ་བཏང་སྟེ། མཚོ་སྔོན་གྱི་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གནད་འགག་གྲངས་ཉུང་གི་བསམ་བློའི་ངོས་ཟིན་གཏིང་ཟབ་ཏུ་གཏོང་དགོས། ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། གྲ་སྒྲིག་བཟང་བོ་བྱེད་པ། ཆེས་བཟང་བའི་ཁ་ཕྱོགས་སུ་འབད་འཐབ་བྱས་ཏེ། ཆེས་བཟང་བའི་གྲུབ་འབྲས་བརྩོན་ལེན་བྱེད་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་སྔ་མོ་ནས་འཆར་འགོད་བྱེད་པ་དང། བཀོད་འདོམས་བཟང་བོ་བྱེད་པ། བྱ་བ་ནན་མོས་བསྒྲུབ་པ། དོ་དམ་བཟང་བོ་བྱེད་པ། འགན་འཁྲི་ཕྲག་ཏུ་ལེན་པ་དང་བཅོས་སྐྱོང་བཟང་བོ་བྱས་ནས། བྱ་བའི་རང་འགུལ་དབང་ཆ་ལག་ཏུ་དམ་པོར་འཛིན་དགོས། དུས་ཚོད་དང་དུས་རིམ་གལ་ཆེན་སྐབས་ཀྱི་བྱ་བ་དམ་འཛིན་བྱེད་དགོས། ཁྱབ་ཁོངས་གཙོ་བོ་དང་མི་ཚོགས་གཙོ་བོའི་ཞབས་ཞུ་དང་དོ་དམ་དམ་འཛིན་བྱེད་དགོས། འཚམས་འདྲི་དང་ཞིབ་བཤེར། རྟོག་ཞིབ་ཆེན་མོའི་བྱ་འགུལ་དམ་འཛིན་བྱེད་དགོས། ཕན་ལྡན་བཅོས་སྐྱོང་བྱ་བར་དམ་འཛིན་བྱེད་དགོས། སྲིད་ཁྲིམས་བྱ་བ་ནི་ཏང་གིས་འགོ་ཁྲིད་བྱས་པའི་སྤྱི་ཚོགས་བཅོས་སྐྱོང་བྱ་བ་དང་མང་ཚོགས་བྱ་བ་ཡིན་པ་དང་། ཆབ་སྲིད་གླེང་བ་ནི་སྒྲིག་ལམ་དང་། ཁྲིམས་ལུགས་གཙོར་འཛིན་པ་ནི་ནུས་པ་ཡིན་ལ། མི་དམངས་བསམ་པ་ནི་འགན་འཁྲི་ཡིན་པས། གོ་སྐབས་ཀྱི་མདུན་དུ་འགན་འཁྲི་ཕྲག་ཏུ་ལེན་པ་དང་བྱ་བར་འབད་འཐབ་བྱེད་པ། ཁྲིམས་སྐྱོང་དང་རང་སྐྱོང་མཉམ་བསྲེས་བྱེད་པའི་ཁྲོད་ལག་ལེན་བྱེད་པ་དང་གསར་གཏོད་བྱེད་པ། སྲུང་སྐྱོབ་དང་ཚོད་འགོག རྡུང་རྡེག་བྱེད་པའི་སྟེང་བློ་རིག་ལྡན་པར་བྱེད་པ། དུས་རབས་གསར་བའི་སྲིད་ཁྲིམས་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་སྟེང་ནུས་ལྡན་བྱེད་ཐབས་སྤྱད་དེ། བཅོས་སྐྱོང་མ་ལག་མཐོར་འདེགས་གཏོང་བ་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་དགོས་ཟེར།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། རམས་ཚེ་བྷོ།

དཔྱད་མཆན 0 ཡོད།