སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུའི་གནད་བསྡུས་ཁག་བཅུ་པ།

ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུའི་ནང་རང་རྒྱལ་གྱི་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་རིང་གི་དམིགས་འབེན་དང་ལས་འགན་གཙོ་བོ་དང་གལ་ཆེའི་བྱ་ཐབས་ངོ་སྤྲོད་གནང་ཡོད། བསྒྱུར་བཅོས་དང་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་དགོས་པ་དང་གོང་འཕེལ་གྱི་སྒྲིག་གཞི་གསར་པ་ཆགས་པ་བྱ་དགོས་པ་སྟེ། གོང་འཕེལ་ནི་རྩ་བའི་ཐོག་ནས་བསྒྱུར་བཅོས་དང་སྒོ་འབྱེད་ལ་བརྟེན་དགོས་པ་ཡིན། ངེས་པར་དུ་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོང་དང་འཐུས་ཚང་དུ་གཏོང་བ། དེང་རབས་ཀྱི་ཐོན་དབང་ལམ་ལུགས་འཛུགས་པ། གཞི་རྩའི་ཆ་ནས་ཁྲིམས་སྐྱོང་སྲིད་གཞུང་སྐྲུན་གྲུབ་པ་བཅས་བྱས་ཏེ་ཁྲོམ་རས་ཐོན་ཁུངས་ཆ་སྦྱོར་བྱེད་པའི་ནང་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པ་བྱ་དགོས་པ་དང་། སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པ་འདོན་སྤེལ་ཐུབ་པ་བྱ་དགོས་པ།

དཔལ་འབྱོར་གོང་འཕེལ་གྱི་རྒྱུན་རྣམ་གསར་པར་སྣེ་ཁྲིད་བྱེད་པའི་སྒྲིག་གཞི་སྒྲི་སྲོལ་དང་གོང་འཕེལ་གཏོང་ཐབས་གང་མགྱོགས་ཆགས་པ་བྱ་དགོས་པ། རྒྱུད་གཅིག་དང་ལམ་གཅིག་འཛུགས་སྐྲུན་བྱེད་པའི་ཐད་འཕེ་རིམ་གལ་ཆེན་ཐོན་པ་བྱེད་པ། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ལ་འགག་འགྲོལ་གསར་པ་ཡོང་བ་བྱེད་པ། ཕྱི་ཕྱོགས་ཉོ་ཚོང་ཐད་ཕྱིར་གཏོང་དང་ནང་འདྲེན་གཉིས་ཀའི་སྤུས་ཚད་ལེགས་པ། ཞབས་ཞུའི་ཉོ་ཚོང་གི་་བསྡུར་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ། ཉོ་ཚོང་གི་རྒྱལ་ཁབ་ཆེན་མོ་ནས་ཉོ་ཚོང་གི་རྒྱལ་ཁབ་སྟོབས་ཆེར་འགྱུར་བ་བྱེད་པ། ཁྱོན་ཡོངས་ནས་འཐུས་མཆན་མ་སྤྲད་གོང་རྒྱལ་དམངས་ཀྱི་ཐོབ་ཐང་སྟེང་ལྡོག་ཕྱོགས་ཀྱི་གསལ་ཐོའི་དོ་དམ་ལམ་ལུགས་ལག་བསྟར་བྱས་ཏེ་རིམ་བཞིན་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་བ་བཙུགས་མཐར། གཞི་རྩའི་ཆ་ནས་སྒོ་དབྱེའི་རང་བཞིན་གྱི་དཔལ་འབྱོར་གྱི་སྒྲིག་གཞི་གསར་པ་དང་གནས་སྟངས་གསར་པ་ཆགས་པ་བྱ་དགོས་པ་ཡིན། 
རྒྱུན་མཐུད་ངང་དམངས་འཚོའི་ཕན་བདེ་ཐོབ་ཚད་མང་དུ་བཏང་ནས་མི་དམངས་་ཡོངས་གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱ་དགོས་པ་སྟེ། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་རིག་ལམ་རྒྱུན་འཁྱོང་བྱེད་པ་དང་། འབད་བརྩོན་ཆེན་པོས་གཞི་རྩའི་དམངས་འཚོ་འགན་སྲུང་གི་ཞན་ཆ་ཁ་གསབ་བྱས་ནས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་ཕྱོགས་སུ་བརྟན་པོའི་ངང་མདུན་སྐྱོད་བྱ་དགོས། དབུལ་འགྲོལ་འགག་གཏོར་གྱི་དམག་འཐབ་མཐའ་གཅིག་ཏུ་བྱས་ཏེ་རང་རྒྱལ་གྱི་སྔར་ཡོད་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དབུལ་འགྲོལ་ཡོང་བ་དང་། དབུལ་ཕོངས་རྫོང་ཚང་མའི་དབུལ་ཕོངས་ཀྱི་ཞ་མོ་འབུད་དགོས་པ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཕོངས་ཐག་གཅོད་བྱ་དགོས་པ། རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་རྣམ་གྲངས་གསལ་ཐོ་འཛུགས་དགོས་པ། སྔར་བས་གཞུང་དྲང་དང་སྔར་བས་རྒྱུན་མཐུད་ཀྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཛུགས་དགོས་པ།

འོས་འགན་སློབ་གསོའི་སློབ་གྲ་ཚད་ལྡན་ཅན་དུ་འགྱུར་བ་བྱེད་པ་དང་མཐོ་རིམ་སློབ་འབྲིང་གི་སློབ་གསོ་ཁྱབ་གདལ་གཏོང་བ། འཛམ་གླིང་ཐོག་ཨང་དང་གྲས་སུ་གྱུར་བའི་སློབ་ཆེན་དང་ཨང་དང་གྲས་སུ་གྱུར་བའི་ཚན་རིག་སོགས་ལས་གཞི་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ། ངལ་རྩོལ་བྱེད་ནུས་ལྡན་པའི་ལོ་ཚད་ལ་སླེབས་པའི་མི་འབོར་གྱི་ཆ་སྙོམ་སློབ་གསོ་མྱོང་བའི་ལོ་ཚད་དེ་ལོ་༡༠དང་གྲངས་༢༣ཡིན་པ་ནས་ལོ་༡༠གྲངས་ཆུང་༨་ལ་མཐོ་རུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་ལས་ཞུགས་བྱེད་ཚད་མི་གྲངས་བྱེ་བ་ལྔ་ཡན་ཟིན་པ། ཡོང་འབབ་བགོ་འགྲེམས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ཡོང་འབབ་ཀྱི་ཧེ་བག་ཆུང་དུ་གཏོང་བ། ཡོང་འབབ་འབྲིང་ཙམ་ཡིན་པའི་མི་འབོར་གྱི་བསྡུར་ཚད་མཐོ་རུ་ཕྱིན་ཡོད། སྡོད་ཁང་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁང་པ་ཐེབས་ཆག་ཁུལ་གྱི་སྡོད་ཁང་ཆ་བྱེ་བ་གཉིས་བསྒྱུར་བཅོས་བྱས་པ། སྐྱོན་བྲལ་གྱི་ཀྲུང་གོ་འཛུགས་སྐྱོང་ཞེས་པའི་བྱེད་སྒོ་སྤེལ་བ། མི་རེའི་སྔོན་དཔག་བྱས་པའི་ཚེ་ཚད་ལོ་གཅིག་རིང་དུ་ཕྱིན་པ། དེང་རབས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་པ་དང་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་དང་ཀྲུང་ཧྭའི་རིག་གནས་འཛིན་སྤེལ་ལས་གཞི་ལག་བསྟར་བྱས་པ། ང་ཚོས་གཅིག་ནས་མི་དམངས་ཀྱི་དངོས་པོའི་འཚོ་བ་སྔར་བས་ཡག་པོ་ཡོད་པ་བྱ་དགོས་ལ། གཉིས་ནས་མི་དམངས་ཀྱི་བསམ་བློའི་འཚོ་བ་ཡང་སྔར་བས་ཕུན་སུམ་ཚོགས་པོ་ཡོང་བར་བྱ་དགོས།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།