ཨུ་ཡོན་པད་མས་མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེ་འབྲོག་ཕྱོགས་ཀྱི་སློབ་འབྲིང་གི་དགེ་རྒན་རྣམས་ཀྱི་གནས་སྐབས་སྡོད་ཁང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་གྲོས་གཞི་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་རང་ཞིང་གི་ཨུ་ཡོན་པད་མས་ཚོགས་ཆེན་ལ་རང་ཞིང་གི་ཞིང་སྡེ་འབྲོག་ཕྱོགས་ཀྱི་སློབ་འབྲིང་གི་དགེ་རྒན་རྣམས་ཀྱི་གནས་སྐབས་སྡོད་ཁང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་གྲོས་གཞི་སྤྲད།

པད་མས་གྲོས་གཞིའི་ནང་དུ་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་བདེ་འཇགས་བཟོ་སྐྲུན་དང་བཀོད་སྒྲིག་ལེགས་བཅོས་བྱས་ནས། རོང་འབྲོག་ཕྱོགས་ཀྱི་སློབ་གྲྭའི་ཆགས་སྟངས་ཐར་ཐོར་ཡིན་པ་དང་། གཞི་ཁྱོན་ཆུང་བ། ཕན་འབྲས་དམའ་བ་སོགས་ཀྱི་གནས་ཚུལ་མངོན་གསལ་སྒོས་ཇེ་བཟང་དུ་སོང་ཡོད། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་བཀོད་སྒྲིག་དང་ཚད་གཞི་ཅན་དུ་འཛུགས་སྐྲུན་བྱས་པ་མ་ཟད། བརྟན་འཇགས་ངང་སྐུལ་འདེད་བཏང་ནས་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོབ་ཏེ་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁས་ལེན་གང་ལེགས་ཐོབ། དེ་དང་མཉམ་དུ་ཞིང་སྡེ་རོང་འབྲོག་ཕྱོགས་དང་ནང་སྒོས་སུ་མཐའ་འཁོབ་དཀའ་ཁག་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་རྣམས་ཀྱི་གནས་སྐབས་སྡོད་ཁང་མི་འདང་བས། དགེ་རྒན་གྱི་བྱ་བ་དང་འཚོ་བའི་ཆ་རྐྱེན་ཐད་ལ་དཀའ་ཁག་ཆེན་པོ་བཟོས་ཏེ། དགེ་རྒན་དཔུང་སྡེ་བརྟན་འཇགས་དང་སློབ་གྲྭའི་ཡུན་རིང་གི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཟེར།

པད་མས་གཅིག་ནས་རྒྱལ་ཁབ་ཀྱིས་མཚོ་སྔོན་ཞིང་ཆེན་དམིགས་བསལ་གྱི་རང་བྱུང་ཆ་རྐྱེན་དང་། དཀའ་ཁག་ཆེ་བའི་བྱ་བའི་ཁོར་ཡུག་དང་དགེ་རྒན་གྱི་གནས་སྐབས་སྡོད་ཁང་མི་འདང་བའི་དོན་དངོས་ལ་འདང་བརྒྱབ་ཏེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་མུ་མཐུད་དུ་དགེ་རྒན་གྱི་གནས་སྐབས་སྡོད་ཁང་བཟོ་སྐྲུན་ལག་བསྟར་བྱས་ནས། མཚོ་སྔོན་གྱི་ཞིང་སྡེ་འབྲོག་ཕྱོགས་ཀྱི་དགེ་རྒན་གྱི་གནས་སྐབས་སྡོད་ཁང་ཁྱོན་ཡོངས་ནས་ཐག་གཅོད་པར་ཁག་ཐེག་བྱེད་དགོས། གཉིས་ནས་རྒྱལ་ཁབ་ཀྱི་དཔྱད་ཞིབ་གཏན་ཁེལ་བྱས་པའི་དགེ་རྒན་གྱི་གནས་སྐབས་སྡོད་ཁང་གི་ཨར་ལས་བཟོ་སྐྲུན་གྱི་རྒྱ་ཁྱོན་མུས་གྲུ་བཞི་མ་སོ་ལྔ་ཡིན་པས། དགེ་རྒན་རྣམས་ཀྱིས་ཡར་ཞུ་བྱས་པའི་གནས་ཚུལ་ལ་བལྟས་ན། དགེ་རྒན་གྱི་གནས་སྐབས་སྡོད་ཁང་གྱི་གཞི་ཁྱོན་ཅུང་ཆུང་བས། ཕྱིན་ཆད་མུས་གྲུ་བཞི་མ་ལྔ་ནས་བཅུའི་གཞི་ཁྱོན་ཇེ་ཆེར་གཏོང་དགོས་པའི་གྲོས་གཞི་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།