མདུན་ཤོག- ཆབ་སྲིད།- བཅའ་ཁྲིམས་ཁྲིམས་སྲོལ།

མཚོ་སྔོན་ཞིང་ཆེན་གྱི་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་སྲུང་སྐྱོང་བྱེད་ཐབས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2015-04-30 16:52

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བཀའ་རྒྱ། ཨང108པ། 《མཚོ་སྔོན་ཞིང་ཆེན་གྱི་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་སྲུང་སྐྱོང་བྱེད་ཐབས》ལ2015ལོའི་ཟླ3པའི་ཚེས27ཉིན་གྱི་ཞིང་ཆེན་མི་དམངས་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས41པའི་སྟེང་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ཞིང་། ད་ལྟ་ཁྱབ་བསྒྲགས་བྱས་ཏེ། 2015ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

ཧྲིན་ཀྲང་། ཧའོ་ཕིན།

2015ལོའི་ཟླ4ཚེས16ཉིན། ལེའུ་དང་པོ། སྤྱིའི་རྩ་དོན། དོན་ཚན་དང་པོ། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ལ་སྲུང་སྐྱོང་བྱེད་པར་ཤུགས་སྣོན་པ་དང་། རྒྱང་སྒྲོག་བརྙན་འཕྲིན་བརྡ་རྟགས་བདེ་འཇགས་ཡོང་བ་དང་རྒྱུན་ལྡན་ངང་ཕྱིར་གཏོང་བརྒྱུད་སྐྱེལ་བཅས་བྱེད་པར་འགན་སྲུང་བྱེད་པ། མང་ཚོགས་ཀྱིས་རྒྱང་སྒྲོག་དང་བརྙན་འཕྲིན་ལ་ཉན་པའམ་ལྟ་བའི་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཆེད་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི《རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་སྲུང་སྐྱོང་སྲོལ་ཡིག》སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཆོད་དོན་ལྟར། རང་རེའི་ཞིང་ཆེན་གྱི་དོན་དངོས་དང་སྦྲེལ་ནས། བྱེད་ཐབས་འདི་གཏན་འབེབས་བྱས་པ་ཡིན། དོན་ཚན་གཉིས་པ།རང་རེའི་ཞིང་ཆེན་གྱི་སྲིད་འཛིན་ཁྱབ་ཁོངས་ནང་གི་ཁྲིམས་ལྟར་བཙུགས་པའི་རྒྱང་སྒྲོག་བརྙན་འཕྲིན་ཁང(ས་ཚིགས)དང་རྒྱང་སྒྲོག་བརྙན་འཕྲིན་བརྒྱུད་སྐྱེལ་དྲ་བ་སོགས་ཀྱི་སྒྲིག་ཆས་སྲུང་སྐྱོང་ཐད། བྱེད་ཐབས་འདི་སྤྱད་ན་འཚམ། དོན་ཚན་གསུམ་པ། བྱེད་ཐབས་འདིའི་ནང་གི་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཞེས་པ་ནི་འདི་དག་སྟེ། (གཅིག)རྒྱང་སྒྲོག་བརྙན་འཕྲིན་བརྡ་རྟགས་འགྱེད་འཕྲོ་བྱེད་པའི་སྒྲིག་ཆས་ཀྱི་ནང་འགྱེད་འཕྲོ་འཕྲུལ་འཁོར་ཁང་གི་སྒྲིག་ཆས་དང་གནམ་སྐུད། སྐུད་ལམ། སྒྲིག་སྦྱོར་མ་ལག དར་ཤིང་།ས་དྲ། འཐེན་སྐུད་དང་དེའི་ཁོངས་གཏོགས་སྒྲིག་ཆས་སོགས་འདུས། (གཉིས)རྒྱང་སྒྲོག་བརྙན་འཕྲིན་བརྡ་རྟགས་ཀྱི་ཆེད་སྤྱོད་བརྒྱུད་སྐྱེལ་སྒྲིག་ཆས་ཀྱི་ནང་གནམ་དཔྱད་དང་ཡིབ་འཛུགས་གློག་སྐུད།འོད་འཁྲིད་སྐུད་ལམ(གཤམ་དུ་བརྒྱུད་སྐྱེལ་སྐུད་ལམ་ཞེས་བསྡུས་ཡོད) ཆེར་གཏོང་འཕྲུལ་ཆས། ཡན་ལག་བཀོད་སྒྲིག་འཕྲུལ་ཆས། རླབས་ཕྲན་ས་ཚིགས། རླབས་ཁེབས་བརྒྱུད་སྐྱེལ་སྒྲིག་ཆས། བརྒྱུད་སྐྱེལ་ལམ་བུ། འཁོར་སྐར་ས་ངོས་སྡུད་ལེན་སྒྲིག་ཆས། བརྒྱུད་བསྒྲགས་བར་བསྒྱུར་སྒྲིག་ཆས་དང་དེའི་ཁོངས་གཏོགས་སྒྲིག་ཆས་སོགས་འདུས། (གསུམ)རྒྱང་སྒྲོག་བརྙན་འཕྲིན་བརྡ་རྟགས་ཀྱི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་ཀྱི་ནང་དུ་ཚད་ལེན་དྲ་བ་དང་ཚད་ལེན་སྡུད་ལེན་གནམ་སྐུད། སྐུད་ལམ། དར་ཤིང་། ཁ་ཕྱོགས་ཚད་ལེན་ཁང་དང་དེའི་ཁོངས་གཏོགས་སྒྲིག་ཆས་སོགས་འདུས། (བཞི)རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་སྒྲིག་བཟོ་དང་ཕྱིར་གཏོང་བྱེད་པའི་སྒྲིག་ཆས་ཀྱི་ནང་དུ་བཅར་འདྲི་དང་རྩོམ་སྒྲིག སྡུད་སྒྲིག གསོག་ཉར། ཕྱིར་གཏོང་སྒྲིག་ཆས་དང་དེའི་ཁོངས་གཏོགས་སྒྲིག་ཆས་སོགས་འདུས། (ལྔ)སྤོ་བསྒྱུར་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་ནང་དུ་རྒྱང་སྒྲོག་བརྙན་འཕྲིན་བརྒྱུད་བསྒྲགས་རླངས་འཁོར་དང་འཁོར་སྐར་ཡར་གཏོང་རླངས་འཁོར།བཅར་འདྲི་རླངས་འཁོར། ལྟ་ཞིབ་ཚད་ལེན་རླངས་འཁོར། བྲེལ་བསྟུན་རྒྱང་སྒྲོག་བརྙན་འཕྲིན་འགྱེད་འཕྲོ་རླངས་འཁོར།བྲེལ་བསྟུན་རྒྱང་སྒྲོག་བརྙན་འཕྲིན་བཀོད་འདོམས་རླངས་འཁོར། བྲེལ་བསྟུན་རྒྱང་སྒྲོག་བརྙན་འཕྲིན་གློག་འདོན་རླངས་འཁོར་སོགས་ཀྱི་ཆེད་ལས་ལག་རྩལ་འགན་སྲུང་སྒྲིག་ཆས་འདུས། (དྲུག)ཁོངས་གཏོགས་སྒྲིག་ཆས་གཞན་དག་གི་ནང་དུ་གློག་འདོན་དང་གློག་སྡེབ།ཆུ་འདོན་སྒྲིག་ཆས་དང་ཐོག་གཡོལ་ས་སྐུད་མ་ལག ཁང་བ། ཕྱི་གྱང(དྲ་བ)། ཆེད་སྤྱོད་ལམ་བུ་བཅས་དང་གཞན་ད་རུང་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་མཚོན་རྟགས་སམ་མཚོན་དངོས། ཉེན་ཟོན་སྒྲིག་སྦྱོར་སོགས་འདུས། དོན་ཚན་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རང་སྲིད་འཛིན་མངའ་ཁོངས་ནང་གི་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་འཛུགས་སྐྲུན་དང་སྲུང་སྐྱོང་བྱེད་པའི་བྱ་བའི་མགོ་ཁྲིད་ལ་ཤུགས་བསྣན་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་གིས་རང་སྲིད་འཛིན་མངའ་ཁོངས་ནང་གི་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་སྲུང་སྐྱོང་བྱ་བར་བྱེ་བྲག་གིས་འགན་འཁུར་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སྡོད་ཁང་མཁར་གྲོང་འཛུགས་སྐྲུན(འཆར་འགོད)དང་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས། འགྲིམ་འགྲུལ་སྐྱེལ་འདྲེན། ནགས་ལས། ཆུ་བེད། ཁོར་ཡུག་སྲུང་སྐྱོང་། འཕྲིན་སྐྱེལ་དོ་དམ། སྐུད་མེད་གློག་འཕྲིན་གཏོང་ཆས་དོ་དམ་སོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་རང་རང་གི་འགན་འཁྲི་ལྟར། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་སྲུང་སྐྱོང་བྱ་བ་ལེགས་པོར་བསྒྲུབ་དགོས་པར་མ་ཟད། རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་དགོས། ཤང(གྲོང་རྡལ)མི་དམངས་སྲིད་གཞུང་དང་སྲང་ལམ་དོན་གཅོད་ཁང་། གཞན་ད་རུང་སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ལ་སྲུང་སྐྱོང་བྱེད་པའི་བྱ་བར་རོགས་འདེགས་བྱ་དགོས། དོན་ཚན་ལྔ་པ།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་གོང་དུ་སྤེལ་བའི་ཐད་ཀྱི་ཆེད་དམིགས་འཆར་འགོད་དེ་མཁར་གྲོང་གི་འཆར་འགོད་ནང་འགོད་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་གིས་མཁར་གྲོང་འཆར་འགོད་སྲིད་འཛིན་དོ་དམ་སྡེ་ཁག་དང་མཉམ་དུ་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་གོང་དུ་སྤེལ་བའི་ཐད་ཀྱི་ཆེད་དམིགས་འཆར་འགོད་བཟོ་དགོས། དོན་ཚན་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག གཞན་ད་རུང་ཁྲིམས་ལྟར་བཙུགས་པའི་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་བཟོ་དང་ཕྱིར་གཏོང་། བརྒྱུད་སྐྱེལ་བཅས་ཀྱི་སྒྲིག་ཆས་དོ་དམ་སྡེ་ཁག(གཤམ་དུ་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་དོ་དམ་སྡེ་ཁག་ཅེས་བསྡུས་ཡོད)བཅས་ཀྱིས་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་སྲུང་སྐྱོང་བྱེད་པའི་ཐད་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱ་བ་ལེགས་པོར་བསྒྲུབ་དགོས། དོན་ཚན་བདུན་པ། སྡེ་ཁག་དང་མི་སྒེར་གང་ཡིན་རུང་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ལ་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད་ལ། རྒྱང་སྒྲོག་བརྙན་སྒྲིག་ཆས་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་བཀག་འགོག་དང་ཡང་ན་སྤྱི་བདེ་ལས་ཁུངས་དང་རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་ལ་གཏུག་བཤེར་བྱ་རྒྱུའི་དབང་ཆའང་ཡོད། སྡེ་ཁག་དང་མི་སྒེར་གང་ཡིན་རུང་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་བདག་བཟུང་དང་འཕྲོག་རེས། ཆག་སྐྱོན་བཟོ་བ། ལྐོག་བགོ ཉར་འཇོག རྐུ་ལེན།གཏོར་བརླག་བཅས་བྱེད་པ་གཏན་འགོག་བྱ་དགོས་པ་དང་། ཡང་ན་ལག་རྩལ་སྤྱད་དེ་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་ཕྱིར་གཏོང་དང་བརྒྱུད་འདྲེན་བདེ་འཇགས་ལ་གནོད་འཚེ་གཏོང་བ་བཅས་གཏན་འགོག་བྱ་དགོས། རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་གིས་ཐེར་འདོན་གོང་ཞུ་ལམ་ལུགས་བཙུགས་ནས། ཐེར་འདོན་གོང་ཞུ་དང་འབྲེལ་གཏུག་ཨང་གྲངས་ཁྱབ་བསྒྲགས་བྱ་དགོས།

ལེའུ་གཉིས་པ། སྲུང་སྐྱོང་བྱེད་ཐབས།

དོན་ཚན་བརྒྱད་པ། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་དོ་དམ་སྡེ་ཁག་གིས་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་སྲུང་སྐྱོང་དང་ཉམས་གསོ་ལ་འགན་ཁུར་ཏེ། དེའི་རྒྱུན་ལྡན་འཁོར་སྐྱོད་ལ་འགན་སྲུང་བྱ་དགོས། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་དོ་དམ་སྡེ་ཁག་གིས་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་མཐའ་འཁོར་དུ་སྲུང་སྐྱོང་མཚོན་རྟགས་དང་མཚོན་དངོས་གསལ་བོར་སྒྲིག་སྦྱོར་བྱ་དགོས་པར་མ་ཟད། སྲུང་སྐྱོང་བླང་བྱ་དང་གཏན་འགོག་རང་བཞིན་གྱི་ཆོད་དོན་འདོན་དགོས། དོན་ཚན་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་གིས་རང་སྲིད་འཛིན་མངས་ཁོངས་ནང་དུ་ཡོད་པའི་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་བྱེ་བྲག་གི་སྒྲིག་སྦྱོར་དང་ཁྱབ་ཚུལ་སོགས་ཀྱི་དཔྱད་གཞིའི་ཡིག་རིགས་རྣམས་རིམ་མཚུངས་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན(འཆར་འགོད)དང་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས། འགྲིམ་འགྲུལ་སྐྱེལ་འདྲེན། ནགས་ལས། ཆུ་བེད། ཁོར་ཡུག་སྲུང་སྐྱོང་། འཕྲིན་སྐྱེལ་དོ་དམ། སྐུད་མེད་གློག་འཕྲིན་གཏོང་ཆས་དོ་དམ་སོགས་ཀྱི་སྡེ་ཁག་ལ་འདོན་སྤྲོད་བྱ་དགོས་མོད། འོན་ཀྱང་ཁྲིམས་ལྟར་གསང་དགོས་པ་ཕུད་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སྡོད་ཁང་མཁར་གྲོང་འཛུགས་སྐྲུན(འཆར་འགོད)སྲིད་འཛིན་དོ་དམ་སྡེ་ཁག་གིས་མཁར་གྲོང་འཆར་འགོད་བྱེད་སྐབས་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དང་འབྲེལ་ན།ངེས་པར་སྔོན་ལ་རིམ་མཚུངས་རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་གི་བསམ་འཆར་སྡུད་ལེན་བྱ་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སྡོད་ཁང་མཁར་གྲོང་འཛུགས་སྐྲུན(འཆར་འགོད)སྲིད་འཛིན་དོ་དམ་སྡེ་ཁག་གིས་བཟོ་འགོད་འཛུགས་སྐྲུན་འཆར་འགོད་ཆོག་འཐུས་དཔང་ཡིག་སྟེར་སྐབས། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དང་འབྲེལ་ན། ངེས་པར་སྔོན་ལ་རིམ་མཚུངས་རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་གི་བསམ་འཆར་སྡུད་ལེན་བྱ་དགོས།

དོན་ཚན་བཅུ་པ།རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་འཛུགས་སྐྲུན་དེ་ངེས་པར་འཆར་འགོད་བླང་བྱ་དང་མཐུན་དགོས།

གསར་བཙུགས་ཨར་ལས་དངོས་པོར་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཆོད་དོན་དང་ཚད་གཞི་ལྟར་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་སྒྲིག་སྦྱོར་བྱ་དགོས་པ་དང་། རྒྱང་སྒྲོག་བརྙན་འཕྲིན་བརྒྱུད་སྐྱེལ་གྱི་གློག་སྐུད་དང་ལྕགས་མདོང་ངམ་ཡང་ན་སྦུག་སྐུད་ཀྱི་སྒྲིག་ཆས་དང་གཞན་ད་རུང་འཛུགས་སྐྲུན་ལས་གཞིའི་སྤྱོད་ཡུལ་མངའ་ཁོངས་ནང་གི་རྒྱང་སྒྲོག་བརྙན་འཕྲིན་བརྒྱུད་འདྲེན་ལམ་བུ་དེ་འཛུགས་སྐྲུན་ལས་གཞིའི་ཇུས་འགོད་ཡིག་ཆ་ནང་འགོད་དགོས་པར་མ་ཟད། འཛུགས་སྐྲུན་ལས་གཞི་དང་མཉམ་དུ་ཨར་ལས་དང་ཞིབ་བཤེར་རྩིས་ལེན་བྱ་དགོས་ཤིང་། དེ་ལ་མཁོ་བའི་གྲོན་དངུལ་དག་འཛུགས་སྐྲུན་ལས་གཞིའི་སྤྱིའི་གྲོན་དངུལ་ནང་འཇོག་དགོས།

རྒྱང་སྒྲོག་བརྙན་འཕྲིན་ཆ་སྡེབ་སྒྲིག་ཆས་སྒྲིག་སྦྱོར་བྱས་མེད་ཀྱང་བསྐྲུན་ཟིན་པའི་སྡོད་གནས་ཁུལ་ཆུང་དང་གཞུང་ལས་ཐོག་ཁང་ཆེན་མོ། ཚོང་ལས་ཐོག་ཁང་སོགས་ཀྱི་ཨར་ལས་དངོས་པོར་རྒྱང་སྒྲོག་བརྙན་འཕྲིན་བརྡ་རྟགས་མཐུད་དགོས་ན། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཆོད་དོན་དང་ཚད་གཞི་ལྟར་རྒྱང་སྒྲོག་བརྙན་འཕྲིན་ཆ་སྡེབ་སྒྲིག་ཆས་འཛུགས་སྐྲུན་བྱ་དགོས་པ་དང་། ཞིབ་བཤེར་རྩིས་ལེན་བྱས་ཤིང་ཚད་ལོངས་རྗེས་རྒྱང་སྒྲོག་བརྙན་འཕྲིན་བརྡ་རྟགས་འབྲེལ་མཐུད་བྱ་དགོས།

དོན་ཚན་བཅུ་གཅིག་པ། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་བཟོ་འགོད་ལས་མགོ་མ་བརྩམས་པའི་སྔོན་ལ། འཛུགས་སྐྲུན་སྡེ་ཁག་གིས་ངེས་པར་རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་ནས་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ལ་ཡིག་ཐོག་ནས་འདྲི་རྩད་བྱ་དགོས་པ་དང་། རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་གིས་ངེས་པར་ལས་ཀའི་ཉིན3གྱི་ནང་ཡིག་ཐོག་གི་དཔྱད་གཞིའི་ཡིག་རིགས་འདོན་སྤྲོད་བྱ་དགོས། འཛུགས་སྐྲུན་སྡེ་ཁག་གིས་ནུས་ལྡན་གྱི་འགོག་སྲུང་བྱེད་ཐབས་སྤྱད་དེ།རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་བདེ་འཇགས་ལ་འགན་སྲུང་བྱ་དགོས།

འཛུགས་སྐྲུན་བཟོ་འགོད་ཀྱིས་མཁའ་དབྱིངས་ཀྱི་ཆེད་སྤྱོད་བརྒྱུད་སྐྱེལ་ལམ་བུ་བཀག་པའམ་གནམ་དཔྱད་དང་ས་འོག་བརྒྱུད་སྐྱེལ་སྐུད་པ་སྤོ་བསྒྱུར་བྱ་དགོས་ན། འཛུགས་སྐྲུན་ལས་ཁུངས་ཀྱིས་གྲོན་དངུལ་ཡོངས་རྫོགས་འགན་འཁུར་དགོས།

དོན་ཚན་བཅུ་གཉིས་པ།རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་གསར་སྐྲུན་དང་བསྐྱར་སྐྲུན།རྒྱས་སྐྲུན་བཅས་བྱས་ཏེ། ལོ་ཏོག་དང་སྡོང་བོ། ཨར་ལས་དངོས་པོ་བཅས་དང་སྒྲིག་ཆས་གཞན་དག་ལ་གྱོང་གུན་བཟོས་ན། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་འཛུགས་སྐྲུན་སྡེ་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཆོད་དོན་ལྟར་ཁ་གསབ་བྱ་དགོས།

རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ཁྱབ་ཁོངས་ནང་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ལ་གནོད་འཚེ་ཐེབས་པའི་ལོ་ཏོག་དང་སྡོང་བོ་བཙུགས་ན། རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་གིས་བདག་དབང་མི་དང་དོ་དམ་མི་ལ་དུས་བཅད་ནང་ཐག་གཅོད་དགོས་པའི་རེ་བ་འདོན་ཆོག་པ་དང་། དུས་ཡུན་ལས་བརྒལ་ནའང་ཐག་གཅོད་མི་བྱེད་པ་ཡིན་ན། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་དོ་དམ་སྡེ་ཁག་ལ་ཐེབས་པའི་ཤུགས་རྐྱེན་མེད་པར་བཟོ་རྒྱུའི་དབང་ཆ་ཡོད།

དོན་ཚན་བཅུ་གསུམ་པ། རྒྱང་སྒྲོག་བརྙན་འཕྲིན་བརྡ་རྟགས་ཕྱིར་གཏོང་སྒྲིག་ཆས་ཀྱི་བདེ་འཇགས་ལ་གནོད་འཚེ་དང་དེའི་བྱེད་ནུས་ལ་གནོད་པ་ཡོད་པའི་གཤམ་གྱི་བྱ་སྤྱོད་འདི་དག་གཏན་འགོག་བྱ་དགོས་པ་སྟེ།

(གཅིག)བརྙན་འཕྲིན་དང་འགུལ་ཚད་ལེགསས་སྒྲིག་ཕྱིར་གཏོང་བྱེད་པའི་གནམ་སྐུད་མཐའ་འཁོར་གྱི་མུས200ནང་གནམ་སྐུད་ཕྱིར་གཏོང་གི་མཐོ་ཚད་ལས་བརྒལ་བའི་ཨར་ལས་རྒྱག་པ།

(གཉིས)གནམ་སྐུད་དང་འདེགས་སྒྲོམ་མཐའ་འཁོར་གྱི་མུས5དང་ཡང་ན་དར་ཤིང་ལྕགས་སྐུད་བདེ་འཇགས་ལ་ཉེན་ཁ་ཐེབས་པའི་ཁྱབ་ཁོངས་ནང་། རྐ་བརྐོ་བ་དང་དོང་བརྐོ་བ། ས་ལེན་པ།ལྕགས་རིགས་དངོས་པོ་སྤང་གསོག་བྱེད་པ་དང་།གད་སྙིགས་དང་གཏེར་སྙིགས་འཕོ་བ།སྐྱུར་དང་བུལ་ཏོག ཚྭ་སོགས་འདུས་པའི་རུལ་བསླད་དངོས་པོ་སྤང་གསོག་བྱེད་པ།

(གསུམ)རྒྱང་སྒྲོག་བརྙན་འཕྲིན་ཕྱིར་གཏོང་སྟེགས་བུའི་མཐའ་འཁོར་གྱི་མུས500ནང་མཐོ་གནོན་གློག་སྐྱེལ་སྐུད་ལམ་འཛུགས་པ།

(བཞི)རྒྱང་སྒྲོག་བརྙན་འཕྲིན་ཕྱིར་གཏོང་སྟེགས་བུས་ཕྱིར་གཏོང་བྱས་པའི་འགུལ་མཐོ་འགྱེད་འཕྲོ་སྤྱད་དེ་འོད་འབྱེད་པ་བཅས་སོ།།

དོན་ཚན་བཅུ་བཞི་པ། རྒྱང་སྒྲོག་བརྙན་འཕྲིན་བརྡ་རྟགས་ཀྱི་བརྒྱུད་སྐྱེལ་སྒྲིག་ཆས་ཀྱི་བདེ་འཇགས་ལ་གནོད་འཚེ་དང་དེའི་བྱེད་ནུས་ལ་གནོད་པ་བཟོ་བའི་གཤམ་གྱི་བྱ་སྤྱོད་འདི་དག་གཏན་འགོག་བྱ་དགོས་པ་སྟེ།

(གཅིག)འཁོར་སྐར་གནམ་སྐུད་མདུན་ངོས་ཀྱི་མུས50ནང་ཨར་ལས་བརྒྱག་པ་དང་། ཡང་ན་གནམ་སྐུད་མདུན་ངོས་ཀྱི་མུས50ནས་བཟུང་མཐོ་ཚད་ལ་གྱེན་ཟུར་ཏུའུ5ལས་བརྒལ་བའི་ཨར་ལས་དང་བཟོ་སྐྲུན་བྱེད་པ་དང་ཡང་ན་ཧ་ཅང་མཐོ་བའི་དངོས་པོ་སྤང་གསོག་བྱེད་པ།

(གཉིས)རླབས་ཕྲན་ས་ཚིགས་ཀྱི་འཕེན་ངོས་གནམ་སྐུད་མདུན་ངོས་སུ་བརྡ་རྟགས་དང་བརྒྱུད་སྐྱེལ་ལ་བཀག་འགོག་ཐེབས་པའི་ཨར་ལས་བརྒྱག་པ་དང་། བརྡ་རྟགས་དང་བརྒྱུད་སྐྱེལ་ལ་འགལ་རྐྱེན་བཟོ་བ་དང་བཀག་འགོག་བཟོ་བའི་སྒྲིག་ཆས་འཛུགས་པ།

(གསུམ)རྒྱང་སྒྲོག་བརྙན་འཕྲིན་བརྒྱུད་སྐྱེལ་བྱེད་པའི་སྒྲིག་ཆས་གཅོད་གཏུབ་དང་གཏོར་བརླག་བྱེད་པ་དང་། རྒྱང་སྒྲོག་བརྙན་འཕྲིན་གྱི་བརྡ་རྟགས་ཁྲིམས་འགལ་སྒོས་གསང་གྲོལ་བ་དང་རྐུ་ལེན། བར་གཏོང་བཅས་བྱེད་པ་སོགས།

དོན་ཚན་བཅོ་ལྔ་པ།རྒྱང་སྒྲོག་བརྙན་འཕྲིན་གྱི་བརྡ་རྟགས་ལྟ་ཞིབ་ཚད་ལེན་སྒྲིག་ཆས་ཀྱི་བདེ་འཇགས་ལ་གནོད་འཚེ་དང་དེའི་བྱེད་ནུས་ལ་གནོད་པ་བཟོ་བའི་གཤམ་གྱི་བྱ་སྤྱོད་འདི་དག་གཏན་འགོག་བྱ་དགོས་པ་སྟེ།

(གཅིག)ཕྱོགས་ཡོངས་ལྟ་ཞིབ་ཚད་ལེན་གནམ་སྐུད་མཐའ་འཁོར་གྱི་མུས150ནང་དང་ཕྱོགས་ལྡན་ལྟ་ཞིབ་ཚད་ལེན་གནམ་སྐུད་མདུན་ངོས་ཀྱི་མུས500ནང་ཨར་ལས་རྒྱག་པ།

(གཉིས)ལྟ་ཞིབ་ཚད་ལེན་སྟེགས་བུའི(ས་ཚིགས)མུས800ཡི་ཁྱབ་ཁོངས་ནང་སྟོང་ཧྥུ35ཡན་གྱི་མཐོ་གནོན་གློག་སྐྱེལ་སྐུད་པ་འཛུགས་པ།

(གསུམ)ལྟ་ཞིབ་ཚད་ལེན་སྟེགས་བུའི(ས་ཚིགས)མུས200ཡི་ཁྱབ་ཁོངས་ནང་མཆོད་རྟེན་དབྱིབས་དང་དྲ་མིག་དབྱིབས་ཀྱི་ལྕགས་རིགས་དངོས་པོ་འཛུགས་པ་དང་ཡང་ན་གློག་ཁབ་འགྱེད་འཕྲོ་སྒྲིག་ཆས་འཛུགས་པ་བཅས་སོ།།

དོན་ཚན་བཅུ་དྲུག་པ། རྒྱང་སྒྲོག་བརྙན་འཕྲིན་གྱི་ལེ་ཚན་སྒྲིག་བཟོ་བྱེད་པའི་སྒྲིག་ཆས་ཀྱི་བདེ་འཇགས་ལ་གནོད་འཚེ་དང་དེའི་བྱེད་ནུས་ལ་གནོད་པ་ཡོད་པའི་གཤམ་གྱི་བྱ་སྤྱོད་འདི་དག་གཏན་འགོག་བྱ་དགོས་པ་སྟེ།

(གཅིག)རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་སྒྲིག་བཟོ་བྱེད་པའི་རྒྱང་སྒྲོག་ཁང་དང་སྒྲ་ཕབ་ཁང་། བརྙན་ཕབ་ཁང་སོགས་བརྟན་འཇགས་གནས་ཡུལ་གྱི་མུས100ཡི་ཁྱབ་ཁོངས་ནང་། འགོག་སྲུང་བྱེད་ཐབས་མེད་པའི་འུར་སྒྲ་ཧྥུན་པའེ100ལས་མཐོ་བའི་སྒྲིག་ཆས་འཛུགས་པ།

(གཉིས)རྒྱང་སྒྲོག་ཁང་དང་སྒྲིག་བཟོ་འཕྲུལ་འཁོར་ཁང་། སྒྲ་ཕབ་ཁང་བཅས་ཀྱི་འཐའ་འཁོར་དུ་ལེ་ཚན་སྒྲིག་བཟོ་བྱེད་པར་གནོད་པའི་འགུལ་མཐོ་འགྱེད་འཕྲོ་ཡོད་པ་དང་ཡང་ན་གློག་ཁབ་འགལ་རྐྱེན་བཟོ་བའི་སྒྲིག་ཆས་འཛུགས་པ།

(གསུམ)རྒྱང་སྒྲོག་བརྙན་འཕྲིན་གྱི་ལེ་ཚན་སྒྲིག་བཟོ་དང་ཕྱིར་གཏོང་ལག་རྩལ་སྒྲིག་ཆས་དང་དེའི་ཟུར་གཏོགས་སྒྲིག་ཆས་ལ་གཏོར་བརླག་གཏོང་བ།

དོན་ཚན་བཅུ་བདུན་པ།རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་བདེ་འཇགས་ལ་གནོད་འཚེ་དང་དེའི་བཀོལ་སྤྱོད་བྱེད་ནུས་ལ་གནོད་པ་ཡོད་པའི་གཤམ་གྱི་བྱ་སྤྱོད་འདི་དག་གཏན་འགོག་བྱ་དགོས་པ་སྟེ།

(གཅིག)གནམ་སྐུད་དང་སྐུད་ལམ། དར་ཤིང་། བརྒྱུད་སྐྱེལ་སྐུད་ལམ། ས་དྲ་བཅས་དང་དེའི་ཟུར་གཏོགས་སྒྲིག་ཆས་སྤོ་བསྒྱུར་དང་གཏོར་བརླག རྐུ་ལེན།བདག་བཟུང་།བཤིག་པ་བཅས་བྱེད་པ།

(གཉིས)རྒྱང་སྒྲོག་བརྙན་འཕྲིན་ཁང(ས་ཚིགས)གི་ཨར་ལས་ཕྱི་གྱང་དང་ཕྱི་དྲ། མཚོན་བྱེད།མཚོན་རྟགས། མཚོན་བྱང་། མཚོན་དངོས་བཅས་བདག་བཟུང་དང་བཤིག་པ། སྤོ་བསྒྱུར།གཏོར་བརླག་བཅས་བྱེད་པ།

(གསུམ)རྒྱང་སྒྲོག་བརྙན་འཕྲིན་གྱི་ཆེད་སྤྱོད་རླངས་འཁོར་དང་དེའི་ཆ་སྡེབ་སྒྲིག་ཆས་ལ་གཏོར་བརླག་གཏོང་བ།

(བཞི)རྒྱང་སྒྲོག་བརྙན་འཕྲིན་གྱི་གློག་འདོན་དང་ཆུ་འདོན་སྒྲིག་ཆས་བཤིག་པ་དང་གཅོད་གཏུབ། སྤོ་བསྒྱུར། བགོ་མཐུད་བཅས་བྱེད་པ།

(ལྔ)རྒྱང་སྒྲོག་བརྙན་འཕྲིན་ཕྱིར་གཏོང་སྟེགས་བུའི་ཆུ་འདོན་སྒྲིག་ཆས་དང་དེའི་ཆུ་ཁུངས་ལ་གཏོར་བརླག་དང་སྦག་བཙོག་བཟོ་བ།

(དྲུག)རྒྱང་སྒྲོག་བརྙན་འཕྲིན་ཕྱིར་གཏོང་སྟེགས་བུའི་ཆེད་སྤྱོད་བགྲོད་ལམ་དང་ཡུལ་དངོས་བདག་བཟུང་དང་བཀག་པ།སྔོག་འདོན་བཅས་བྱེད་པ།

(བདུན)དར་ཤིང་དང་འཐེན་སྐུད།གནམ་སྐུད།སྐུད་ལམ་བཅས་དང་དེའི་ཟུར་གཏོགས་སྒྲིག་ཆས་ཀྱི་སྟེང་དུ་ཕྱུགས་ཟོག་འདོགས་པ་དང་སྦྲ་གུར་ཕུབ་པ། གྱོན་ཆས་དང་དངོས་པོ་གཞན་པ་ཉི་མར་ལྡེ་བ་བཅས་སོ།།

 (བརྒྱད)གནམ་སྐུད་དང་སྐུད་ལམ།བརྒྱུད་སྐྱེལ་སྐུད་ལམ་བཅས་དང་དེའི་ཟུར་གཏོགས་སྒྲིག་ཆས་ཀྱི་སྟེང་དུ་དངོས་པོ་གཞན་པ་འཕེན་པ། (དགུ)རྒྱང་སྒྲོག་བརྙན་འཕྲིན་ཁང(ས་ཚིགས)དང་ལྟ་ཞིབ་ཚད་ལེན་ཁང་། ཕྱིར་གཏོང་ཁང་བཅས་ཀྱི་མཐའ་འཁོར་གྱི་མུས500ཡི་ཁྱབ་ཁོངས་ནང་སྣུམ་མཛོད་དང་སྣུམ་སྣོན་ས་ཚིགས། རྡོ་སྣུམ་རླངས་པ། མེ་མདེལ་བཟོ་གྲྭ(མཛོད)། ཤོག་སྦག་བཟོ་གྲྭ་སོགས་ཀྱི་གས་འབར་འབྱུང་སླ་བའི་སྒྲིག་ཆས་འཛུགས་པ། (བཅུ)རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་བདེ་འཇགས་ལ་གནོད་འཚེ་དང་དེའི་བྱེད་ནུས་ལ་གནོད་པ་བཟོ་བའི་བྱ་སྤྱོད་གཞན་དག་བཅས་སོ། ། དོན་ཚན་བཅོ་བརྒྱད་པ། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ཁྱབ་ཁོངས་ཀྱི་ཕྱི་རོལ་ཏུ་སྡོང་བོ་གཅོད་པ་དང་ལམ་ལས་པ། དོང་བརྐོ་བ། བྱེ་མ་བརྐོ་བ།ཨར་ལས་བརྒྱག་པ།འགས་གཏོར་བྱེད་པ། མེ་སྦར་བ་སོགས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་བདེ་འཇགས་ལ་གནོད་པ་བཟོ་བའི་ལས་ཀར་ཞུགས་ན།སྡེ་ཁག་དང་མི་སྒེར་གང་ཡིན་རུང་སྔོན་ལ་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་དོ་དམ་སྡེ་ཁག་ལ་བརྡ་བརྒྱག་དགོས་པར་མ་ཟད། བྱེད་ཐབས་ནུས་ལྡན་སྤྱད་དེ་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་བདེ་འཇགས་དང་རྒྱུན་ལྡན་བཀོལ་སྤྱོད་ལ་འགན་སྲུང་བྱས་རྗེས་ད་གཟོད་བསྒྲུབ་དགོས། དོན་ཚན་བཅུ་དགུ་པ། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་བདེ་འཇགས་ལ་གནོད་འཚེ་ཐེབས་པའི་ཐོལ་བྱུང་དོན་རྐྱེན་བྱུང་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་དང་། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་དོ་དམ་སྡེ་ཁག གཞན་ད་རུང་འབྲེལ་ཡོད་སྡེ་ཁག་གཞན་དག་བཅས་ཀྱིས་གཤམ་གྱི་བྱེད་ཐབས་འདི་དག་སྤྱད་དགོས་པ་སྟེ། (གཅིག)ཉེན་ཁའི་འབྱུང་ཁུངས་མེད་པར་བཟོས་ཏེ་གནས་ཚུལ་ཇེ་སྡུག་ཏུ་འགྲོ་བར་ཚོད་འཛིན་བྱ་དགོས། (གཉིས)མྱུར་དུ་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ལ་ཆག་སྐྱོན་ཐེབས་པ་མྱུར་བཅོས་བྱ་དགོས། (གསུམ)བཀག་འགོག་མེད་པར་མྱུར་བཅོས་བགྲོད་ལམ་ཤར་བགྲོད་ཡོང་བ་བྱ་དགོས། (བཞི)དངོས་ཟོག་དང་མི་སྣ། འགྲིམ་འགྲུལ་ཡོ་བྱད་བཅས་ཀྱི་འབྲེལ་ཡོད་སྒྲིག་ཆས་གཅིག་བསྡུ་བྱས་ཏེ། ཉེན་སྐྱོབ་རོགས་སྐྱོར་བྱ་དགོས། (ལྔ)དགོས་ངེས་ཀྱི་བྱེད་ཐབས་གཞན་དག་བཅས་སོ།། ལེའུ་གསུམ་པ།བཅའ་ཁྲིམས་ཀྱི་འགན་འཁྲི། དོན་ཚན་ཉི་ཤུ་པ། བྱེད་ཐབས་འདིའི་ཆོད་དོན་དང་འགལ་བའི་བྱ་སྤྱོད་ལ། བཅའ་ཁྲིམས་དང་ཁྲིམས་སྲོལ་དུ་གཏན་ཁེལ་བྱས་ཡོད་ན། ཆོད་དོན་དེ་ལྟར་བསྒྲུབ་དགོས། དོན་ཚན་ཉེར་གཅིག་པ། བྱེད་ཐབས་འདིའི་ཆོད་དོན་དང་འགལ་ཏེ། གཤམ་གྱི་བྱ་སྤྱོད་ནང་གི་གཅིག་ལྡན་ན།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་དང་ཡང་ན་དེས་མངག་བཅོལ་བྱས་ཡོད་པའི་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་དོ་དམ་སྡེ་ཁག་གིས་བཀའ་བབས་ཏེ་ཡོ་བསྲང་བྱེད་དུ་འཇུག་དགོས་པ་དང་། དུས་བཅད་ནང་སྒྲིག་འགལ་ཨར་ལས་དང་སྒྲིག་ཆས་སོགས་བཤིག་ཏུ་འཇུག་དགོས། གནས་ཚུལ་ཅུང་ཡང་ན། མི་སྒེར་ལ་སྒོར1000ཡན་དང་སྒོར3000མན་གྱི་དངུལ་ཆད་གཅོད་དགོས་ལ། སྡེ་ཁག་ལ་སྒོར20000ཡན་དང་སྒོར50000མན་གྱི་དངུལ་ཆད་གཅོད་དགོས། གནས་ཚུལ་ཅུང་ཚབས་ཆེན་ཡིན་ན། མི་སྒེར་ལ་སྒོར3000ཡན་དང་སྒོར7000མན་གྱི་དངུལ་ཆད་དང་། སྡེ་ཁག་ལ་སྒོར50000ཡན་དང་སྒོར80000མན་གྱི་དངུལ་ཆད་གཅོད་ཆོག གནས་ཚུལ་ཧ་ཅང་ཚབས་ཆེན་ཡིན་ན། མི་སྒེར་ལ་སྒོར7000ཡན་དང་སྒོར10000མན་གྱི་དངུལ་ཆད་དང་།སྡེ་ཁག་ལ་སྒོར80000ཡན་དང་སྒོར100000མན་གྱི་དངུལ་ཆད་གཅོད་ཆོག བདེ་འཇགས་དོ་དམ་དང་འགལ་ན། བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས་ལྟར་ཆད་པ་གཅོད་དགོས། ཉེས་པ་བསགས་ཡོད་ན། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་དགོས། (གཅིག)བརྙན་འཕྲིན་དང་འགུལ་ཚད་ཕྱིར་གཏོང་གནམ་སྐུད་མཐའ་འཁོར་གྱི་མུས200ཡི་ཁྱབ་ཁོངས་ནང་དེའི་མཐོ་ཚད་གནམ་སྐུད་ཕྱིར་གཏོང་ཆ་ཤས་ལས་བརྒལ་བའི་ཨར་ལས་བརྒྱག་པ། (གཉིས)རྒྱང་སྒྲོག་བརྙན་འཕྲིན་སྟེགས་བུའི་མུས500ཡི་ཁྱབ་ཁོངས་ནང་མཐོ་གནོན་གློག་སྐྱེལ་སྐུད་ལམ་འཛུགས་པ། (གསུམ)འཁོར་སྐར་གནམ་སྐུད་མདུན་ངོས་ཀྱི་མུས50ཡི་ཁྱབ་ཁོངས་ནང་ཨར་ལས་བརྒྱག་པ་དང་། ཡང་ན་གནམ་སྐུད་མདུན་ངོས་ཀྱི་མུས50ནས་བཟུང་སྟེ་མཐོ་ཚད་ལ་གྱེན་ཟུར་ཏུའུ5ལས་བརྒལ་བའི་ཨར་ལས་བཟོ་སྐྲུན་བྱེད་པ་དང་ཡང་ན་ཧ་ཅང་མཐོ་བའི་དངོས་པོ་སྤང་གསོག་བྱེད་པ། (བཞི)རླབས་ཕྲན་ས་ཚིགས་ཀྱི་འཕེན་ངོས་གནམ་སྐུད་མདུན་ངོས་སུ་བརྡ་རྟགས་དང་བརྒྱུད་སྐྱེལ་ལ་བཀག་འགོག་ཐེབས་པའི་ཨར་ལས་བརྒྱག་པ་དང་། བརྡ་རྟགས་དང་བརྒྱུད་སྐྱེལ་ལ་གཏོར་བརླག་དང་གནོད་པ་ཐེབས་པའི་སྒྲིག་ཆས་འཛུགས་པ། (ལྔ)ཕྱོགས་ཡོངས་ལྟ་ཞིབ་ཚད་ལེན་གནམ་སྐུད་མཐའ་འཁོར་གྱི་མུས150ནང་དང་ཕྱོགས་ལྡན་ལྟ་ཞིབ་ཚད་ལེན་གནམ་སྐུད་མདུན་ངོས་ཀྱི་མུས500ནང་ཨར་ལས་བརྒྱག་པ། (དྲུག)ལྟ་ཞིབ་ཚད་ལེན་སྟེགས་བུའི(ས་ཚིགས)མུས800ཡི་ཁྱབ་ཁོངས་ནང་སྟོང་ཧྥུ35ཡན་གྱི་མཐོ་གནོན་གློག་སྐྱེལ་སྐུད་པ་འཐེན་པ། (བདུན)ལྟ་ཞིབ་ཚད་ལེན་སྟེགས་བུའི(ས་ཚིགས)མུས200ཡི་ཁྱབ་ཁོངས་ནང་མཆོད་རྟེན་དབྱིབས་དང་དྲ་དབྱིབས་སོགས་ཀྱི་ལྕགས་རིགས་དངོས་པོ་འཇོག་པའམ་ཡང་ན་གློག་ཁབ་འགྱེད་འཕྲོ་སྒྲིག་ཆས་འཛུགས་པ། (བརྒྱད)རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་སྒྲིག་བཟོ་བྱེད་པའི་རྒྱང་སྒྲོག་ཁང་དང་སྒྲ་ཕབ་ཁང་། བརྙན་ཕབ་ཁང་སོགས་ཀྱི་བརྟན་འཇགས་ཡུལ་དངོས་ཀྱི་མུས100ཡི་ཁྱབ་ཁོངས་ནང་། འགོག་སྲུང་བྱེད་ཐབས་གང་ཡང་མེད་པའི་འུར་སྒྲ་པའེ་ཧྥུན100ཡན་གྱི་སྒྲིག་ཆས་འཛུགས་པ། (དགུ)རྒྱང་སྒྲོག་ཁང་དང་སྒྲིག་བཟོ་འཕྲུལ་འཁོར་ཁང་། སྒྲ་ཕབ་འཕྲུལ་འཁོར་ཁང་བཅས་ཀྱི་མཐའ་འཁོར་དུ་ལེ་ཚན་སྒྲིག་བཟོ་བྱེད་པའི་འགུལ་མཐོ་འགྱེད་འཕྲོ་དང་ཡང་ན་གློག་ཁབ་གཏོར་བརླག་ཐེབས་པའི་སྒྲིག་ཆས་འཛུགས་པ། (བཅུ)རྒྱང་སྒྲོག་བརྙན་འཕྲིན་ཁང(ས་ཚིགས)དང་ལྟ་ཞིབ་ཚད་ལེན་ཁང་། ཕྱིར་གཏོང་ཁང་བཅས་ཀྱི་མཐའ་འཁོར་གྱི་མུས500ནང་སྣུམ་མཛོད་དང་སྣུམ་སྣོན་ས་ཚིགས། རྡོ་སྣུམ་རླངས་པ།མེ་མདེལ་བཟོ་གྲྭ(མཛོད)། ཤོག་སྦག་བཟོ་གྲྭ་སོགས་ཀྱི་གས་འབར་འབྱུང་སླ་བའི་སྒྲིག་ཆས་འཛུགས་པ་བཅས་སོ། ། དོན་ཚན་ཉེར་གཉིས་པ། བྱེད་ཐབས་འདིའི་ཆོད་དོན་དང་འགལ་ཏེ། གཤམ་གྱི་བྱ་སྤྱོད་ནང་གི་གཅིག་ལྡན་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་དང་ཡང་ན་དེས་མངག་བཅོལ་བྱས་ཡོད་པའི་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་དོ་དམ་སྡེ་ཁག་གིས་བཀའ་བབས་ཏེ་ཡོ་བསྲང་བྱེད་དུ་འཇུག་དགོས་པ་དང་། གནས་ཚུལ་ཅུང་ཡང་ན། མི་སྒེར་ལ་སྒོར1000ཡན་དང་སྒོར3000མན་གྱི་དངུལ་ཆད་དང་། སྡེ་ཁག་ལ་སྒོར20000ཡན་དང་སྒོར50000མན་གྱི་དངུལ་ཆད་གཅོད་ཆོག གནས་ཚུལ་ཅུང་ཚབས་ཆེན་ཡིན་ན། མི་སྒེར་ལ་སྒོར3000ཡན་དང་སྒོར7000མན་གྱི་དངུལ་ཆད་དང་། སྡེ་ཁག་ལ་སྒོར50000ཡན་དང་སྒོར80000མན་གྱི་དངུལ་ཆད་གཅོད་ཆོག གནས་ཚུལ་ཧ་ཅང་ཚབས་ཆེན་ཡིན་ན། མི་སྒེར་ལ་སྒོར7000ཡན་དང་སྒོར10000མན་གྱི་དངུལ་ཆད་དང་། སྡེ་ཁག་ལ་སྒོར80000ཡན་དང་སྒོར100000མན་གྱི་དངུལ་ཆད་གཅོད་ཆོག བདེ་འཇགས་དོ་དམ་དང་འགལ་ཡོད་ན། བདེ་འཐགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ལྟར་ཆད་པ་གཅོད་དགོས་པ་དང་། ཉེས་པ་བསགས་ཡོད་ན། ཁྲིམས་ལྟར་ཉེས་དོན་འགན་འཁྲིའི་རྩད་གཅོད་བྱ་དགོས། (གཅིག)རྒྱང་སྒྲོག་བརྙན་འཕྲིན་བརྒྱུད་སྐྱེལ་སྒྲིག་ཆས་གཅོད་གཏུབ་དང་གཏོར་བརླག་བྱེད་པ་དང་། ཁྲིམས་འགལ་སྒོས་རྒྱང་སྒྲོག་བརྙན་འཕྲིན་གྱི་བརྡ་རྟགས་གསང་གྲོལ་དང་རྐུ་ལེན། བར་འཇུག་བཅས་བྱེད་པ། (གཉིས)རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་གྱི་སྒྲིག་བཟོ་དང་ཕྱིར་གཏོང་ལག་རྩལ་སྒྲིག་ཆས་དང་དེའི་ཟུར་གཏོགས་སྒྲིག་ཆས་ལ་གཏོར་བརླག་གཏོང་བ། (གསུམ)གནམ་སྐུད་དང་སྐུད་ལམ། དར་ཤིང་། བརྒྱུད་སྐྱེལ་སྐུད་ལམ།ས་དྲ་བཅས་དང་དེའི་ཟུར་གཏོགས་སྒྲིག་ཆས་སྤོ་བསྒྱུར་དང་གནོད་འཚེ། རྐུ་ལེན། བདག་བཟུང་དང་བཤིག་པ་བཅས་བྱེད་པ། (བཞི)རྒྱང་སྒྲོག་བརྙན་འཕྲིན་ཁང(ས་ཚིགས)གི་ཨར་ལས་ཕྱི་གྱང་དང་ཕྱི་དྲ། མཚོན་བྱེད་དང་མཚོན་རྟགས། མཚོན་བྱང་། མཚོན་དངོས་སོགས་བདག་བཟུང་དང་བཤིག་པ། སྤོ་བསྒྱུར།གཏོར་བརླག་བཅས་བྱེད་པ། (ལྔ)རྒྱང་སྒྲོག་བརྙན་འཕྲིན་གྱི་ཆེད་སྤྱོད་རླངས་འཁོར་དང་དེའི་ཆ་སྡེབ་སྒྲིག་ཆས་ལ་གཏོར་བརླག་གཏོང་བ། (དྲུག)རྒྱང་སྒྲོག་བརྙན་འཕྲིན་གྱི་གློག་འདོན་དང་ཆུ་འདོན་སྒྲིག་ཆས་བཤིག་པ་དང་གཅོད་གཏུབ། སྤོ་བསྒྱུར། བགོ་མཐུད་བཅས་བྱེད་པ། (བདུན)རྒྱང་སྒྲོག་བརྙན་འཕྲིན་ཕྱིར་གཏོང་སྟེགས་བུའི་ཆུ་འདོན་སྒྲིག་ཆས་དང་ཆུ་ཁུངས་ལ་གཏོར་བརླག་དང་སྦག་བཙོག་བཟོ་བ། (བརྒྱད)རྒྱང་སྒྲོག་བརྙན་འཕྲིན་ཕྱིར་གཏོང་སྟེགས་བུའི་ཆེད་སྤྱོད་བགྲོད་ལམ་དང་ལས་ཡུལ་བདག་བཟུང་དང་བཀག་པ།སྔོག་འདོན་བཅས་བྱེད་པ་བཅས་སོ། ། དོན་ཚན་ཉེར་གསུམ་པ།བྱེད་ཐབས་འདིའི་ཆོད་དོན་དང་འགལ་ཏེ། གཤམ་གྱི་བྱ་སྤྱོད་ནང་གི་གཅིག་ལྡན་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་དང་ཡང་ན་དེས་མངག་བཅོལ་བྱས་ཡོད་པའི་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་དོ་དམ་སྡེ་ཁག་གིས་བཀའ་བབས་ཏེ་ཡོ་བསྲང་བྱེད་དུ་འཇུག་དགོས་པ་དང་ཉེན་བརྡ་གཏོང་དགོས། གནས་ཚུལ་ཡང་མོ་ཡིན་ན།མི་སྒེར་ལ་སྒོར100ཡན་དང་སྒོར700མན་གྱི་དངུལ་ཆད་དང་། སྡེ་ཁག་ལ་སྒོར1000ཡན་དང་སྒོར7000མན་གྱི་དངུལ་ཆད་གཅོད་ཆོག་པ་དང་། གནས་ཚུལ་ཅུང་ཡང་མོ་ཡིན་ན། མི་སྒེར་ལ་སྒོར700ཡན་དང་སྒོར1500མན་གྱི་དངུལ་ཆད་དང་། སྡེ་ཁག་ལ་སྒོར7000ཡན་དང་སྒོར15000མན་གྱི་དངུལ་ཆད་གཅོད་ཆོག་པ་དང་། གནས་ཚུལ་ཅུང་ཚབས་ཆེན་ཡིན་ན། མི་སྒེར་ལ་སྒོར1500ཡན་དང་སྒོར2000མན་གྱི་དངུལ་ཆད་དང་། སྡེ་ཁག་ལ་སྒོར15000ཡན་དང་སྒོར20000མན་གྱི་དངུལ་ཆད་གཅོད་ཆོག (གཅིག)གནམ་སྐུད་དང་དར་ཤིང་མཐའ་འཁོར་གྱི་མུས5དང་ཡང་ན་གློག་སྡོང་ལྕགས་སྐུད་བདེ་འཇགས་ལ་གནོད་པ་བཟོ་བའི་ཁྱབ་ཁོངས་ནང་།དོང་བརྐོ་བ་དང་སྔོག་འདོན་བྱེད་པ། ས་ལེན་པ། ལྕགས་རིགས་དངོས་པོ་སྤང་གསོག་བྱེད་པ་དང་གཞན་ད་རུང་གད་སྙིགས་དང་གཏེར་སྙིགས། སྐྱུར་དང་བུལ་ཏོག ཚྭ་སོགས་འདུས་པའི་རུལ་བསླད་དངོས་པོ་འཕོ་བ། (གཉིས)རྒྱང་སྒྲོག་བརྙན་འཕྲིན་ཕྱིར་གཏོང་སྟེགས་བུས་ཕྱིར་གཏོང་བྱས་པའི་འགུལ་མཐོ་འགྱེད་འཕྲོ་ནུས་པ་སྤྱད་དེ་འོད་འབྱེད་པ། (གསུམ)དར་ཤིང་དང་འཐེན་སྐུད། གནམ་སྐུད། སྐུད་ལམ་བཅས་དང་གཞན་ད་རུང་དེའི་ཟུར་གཏོགས་སྒྲིག་ཆས་སྟེང་ཕྱུགས་ཟོག་འདོགས་པའམ་སྦྲ་གུར་ཕུབ་པ། གྱོན་ཆས་དང་དངོས་པོ་གཞན་པ་ཉི་མར་ལྡེ་བ། (བཞི)གནམ་སྐུད་དང་སྐུད་ལམ། བརྒྱུད་སྐྱེལ་སྐུད་ལམ་བཅས་དང་དེའི་ཆ་སྡེབ་སྒྲིག་ཆས་སྟེང་དངོས་པོ་གཞན་པ་འཕེན་པ་བཅས་སོ། ། དོན་ཚན་ཉེར་བཞི་པ། རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ལ་གཏོར་བརླག་བཏང་སྟེ་སླར་གསོ་བྱེད་ཐབས་མེད་ན།དོ་བདག་པས་ཁྲིམས་ལྟར་སྐྱིན་ཚབ་འཇལ་བའི་འགན་འཁུར་དགོས། དོན་ཚན་ཉེར་ལྔ་པ། བྱེད་ཐབས་འདིའི་ཆོད་དོན་དང་འགལ་ཏེ། རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་དང་རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་དོ་དམ་སྡེ་ཁག གཞན་ད་རུང་འབྲེལ་ཡོད་སྡེ་ཁག་གཞན་དག་བཅས་ཀྱི་ལས་བྱེད་པར་གཤམ་གྱི་བྱ་སྤྱོད་ནང་གི་གཅིག་ལྡན་ན། དེའི་རིམ་པ་གོང་མའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་ཡང་ན་སྲིད་འཛིན་ལྟ་ཞིབ་སྡེ་ཁག་གིས་ཡོ་བསྲང་བྱ་དགོས་པའི་བཀའ་འབེབས་དགོས་པ་དང་། གནས་ཚུལ་ཚབས་ཆེན་ཡིན་ན། ཐད་ཀར་འགན་འཁུར་ཀྱིན་པའི་གཙོ་གཉེར་པ་དང་ཐད་ཀའི་འགན་ཁུར་པ་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས། ཉེས་པ་བསགས་ཡོད་ན། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས། (གཅིག)རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་འཕེལ་རྒྱས་ཆེད་དམིགས་འཆར་འགོད་བཟོ་དགོས་པར་འཆར་འགོད་མ་བཟོས་པ། (གཉིས)རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་ཞིབ་ཕྲའི་ས་གནས་དང་ཁྱབ་ཚུལ་སོགས་ཀྱི་དཔྱད་གཞིའི་ཡིག་རིགས་འདོན་སྤྲོད་བྱེད་དགོས་པར་འདོན་སྤྲོད་མི་བྱེད་པ། (གསུམ)མཁར་གྲོང་གི་འཆར་འགོད་ལེགས་སྒྲིག་དང་འཛུགས་སྐྲུན་བཟོ་འགོད་ཀྱི་འཆར་འགོད་དཔང་ཡིག་སྟེར་སྐབས། རྒྱང་སྒྲོག་བརྙན་འཕྲིན་སྲིད་འཛིན་དོ་དམ་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱེད་དགོས་པར་བསྡུ་ལེན་མི་བྱེད་པ། (བཞི)ལོ་ཏོག་དང་སྡོང་བོ། ཨར་ལས་བཅས་དང་སྒྲིག་ཆས་གཞན་དག་ལ་གྱོང་གུན་དང་ཆག་སྐྱོན་བཟོས་ཏེ། སྐྱིན་ཚབ་འཇལ་དགོས་པར་སྐྱིན་ཚབ་མི་འཇལ་བ། (ལྔ)རྒྱང་སྒྲོག་བརྙན་འཕྲིན་སྒྲིག་ཆས་ཀྱི་བདེ་འཇགས་ལ་གནོད་འཚེ་ཐེབས་པའི་ཐོལ་བྱུང་དོན་རྐྱེན་བྱུང་སྐབས།བྲེལ་བསྟུན་བྱེད་ཐབས་འདོན་དགོས་པར་བྱེད་ཐབས་མ་བཏོན་པ། (དྲུག)ཁྲིམས་ལྟར་འགན་འཁྲིའི་རྩད་གཅོད་བྱ་དགོས་པའི་བྱ་སྤྱོད་གཞན་དག་བཅས་སོ། ། ལེའུ་བཞི་པ། ཞར་བྱུང་། དོན་ཚན་ཉེར་དྲུག་པ། རྒྱང་སྒྲོག་བརྙན་འཕྲིན་བརྡ་རྟགས་བརྒྱུད་སྐྱེལ་བྱེད་པར་བཀོལ་བའི་སྤྱི་སྤྱོད་འཕྲིན་སྐྱེལ་དྲ་བའི་སྒྲིག་ཆས་ཀྱི་སྲུང་སྐྱོང་ཐད། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཆོད་དོན་ལྟར་ལག་བསྟར་བྱ་དགོས། དོན་ཚན་ཉེར་བདུན་པ། བྱེད་ཐབས་འདི2015ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།  ། 

 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག