མདུན་ཤོག- ཆབ་སྲིད་འཚོ་བ།- གྱོད་ལྟར་ཁྲིམས་གླེང་།

ཚོང་པས་དུས་ཐོག་ཏུ་ཁང་པ་རྩིས་སྤྲོད་མི་ཐུབ་ཚེ་ཁང་པ་ཉོ་མཁན་གྱིས་ཇི་ལྟར་བྱེད་དགོས་སམ།

  ཡོང་ཁུངས། བོད་ལྗོངས་ཁྲིམས་ལུགས་ཚགས་པར།  2011-07-17 10:36

2009ལོའི་ཟླ8པའི་ཚེས30ཉིན་ཡིའུ་ག་གེ་མོས་ས་ཁང་བདག་ཁོངས་གསར་སྤེལ་ཀུང་སི་ཞིག་དང《ཚོང་སྒྱུར་ཁང་པའི་ཉོ་ཚོང་གན་རྒྱ》བཞག་ནས་ས་ཁང་བདག་ཁོངས་གསར་སྤེལ་ཀུང་སི་དེས་གསར་སྤེལ་བྱས་པའི་སྤུས་དག་སྡོད་ཁང་ཁུལ་ཆུང་ཞིག་ནས་སྡོད་ཁང་ཞིག་ཉོས་པ་རེད།སྡོད་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ150.70ཡོད་པ་དང་སྡོད་ཁང་དེར་རིན་གོང་ཁྱོན་སྒོར་ཁྲི50ལྷག་ཙམ་ཡིན་པ་རེད། ཁང་པ་རྩིས་སྤྲོད་པའི་དུས་ཚོད་ནི2009ལོའི་ཟླ12ཚེས20ཉིན་ཡིན་པ་མ་ཟད། ཕྱོགས་གཉིས་པོས་གན་རྒྱ་བཞག་ནས་གལ་སྲིད་ས་ཁང་བདག་ཁོངས་ཀུང་སིས་དུས་ཐོག་ཏུ་ཁང་པ་རྩིས་སྤྲོད་མི་ཐུབ་ཚེ་ཉིན་རེར་ཡིའུ་ག་གེ་མོར་སྤྲད་ཟིན་པའི་ཁང་དངུལ་གྱི་ཁྲི་ཆ་གསུམ་ཟིན་པའི་གན་འགལ་དངུལ་ཆད་སྤྲོད་དགོས་པའི་ཁ་ཆད་བྱས། རྗེས་སུ་ཡིའུ་ག་གེ་མོས་གན་རྒྱའི་ནང་ཁ་ཆད་བྱས་པ་གཞིར་བཟུང་2009ལོའི་ཟླ11ཚེས27ཉིན་ཁང་དངུལ་ཆ་ཚང་ཐེངས་གཅིག་ལ་སྤྲད་ཀྱང་ཞུ་སྦྱོར་ཕྱི་མས2009ལོའི་ཟླ12པའི་ཚེས20ཉིན་ཁང་པ་རྩིས་སྤྲོད་ཀྱི་ཁ་ཆད་ལག་བསྟར་བྱས་མེད་པར་བརྟེན་ཡིའུ་ག་གེ་མོས་ས་ཁང་བདག་ཁོངས་གསར་སྤེལ་ཀུང་སི་དེ་ཞུ་གཏུག་བྱེད་བརྩིས་ཡོད་པས་ཇི་ལྟར་བྱེད་དགོས་སམ།

ཤིན་ཅན་ཝུའེ། གོང་གི་ཡིའུ་ག་གེ་མོའི་གནས་ཚུལ་གཞིར་བཟུང་། ཡིའུ་ག་གེ་མོར་བཅའ་ཁྲིམས་བརྒྱུད་ནས་ས་ཁང་བདག་ཁོངས་གསར་སྤེལ་ཀུང་སི་ཞུ་གཏུག་རྒྱག་པའི་རྒྱུ་མཚན་ཁུངས་བཙན་ཡོད་པས་ས་ཁང་བདག་ཁོངས་གསར་སྤེལ་ཀུང་སིས་གན་རྒྱ་ལག་ལེན་བསྟར་ནས་གན་རྒྱའི་ནང་ཁ་ཆད་བྱས་པའི་སྡོད་ཁང་སྤྲོད་དགོས་པའི་རེ་བ་བཏོན་ཆོག་པ་མ་ཟད། ཡིའུ་ག་གེ་མོས་ཕྱོགས་གཉིས་པོའི《ཚོང་སྒྱུར་ཁང་པའི་ཉོ་ཚོང་གན་རྒྱ》ཡི་ནང་ཁ་ཆད་བྱས་པ་གཞིར་བཟུང་།ས་ཁང་བདག་ཁོངས་གསར་སྤེལ་ཀུང་སིར་ཡིའུ་ག་གེ་མོས་སྤྲད་ཟིན་པའི་ཁང་དངུལ་ཆ་ཚང་གི་ཁྲི་ཆ་གསུམ་དང་ས་ཁང་བདག་ཁོངས་གསར་སྤེལ་ཀུང་སིས་ཁང་པ་སྤྲོད་པའི་དུས་ཚོད་ནར་འགྱངས་བྱས་པའི་ཉིན་གྲངས་ལ་གཞིགས་ནས་གན་འགལ་དངུལ་ཆད་སྤྲོད་དགོས་པའི་རེ་བ་འདོན་ཆོགཕྱོགས་གཞན་ཞིག་ནས《ཚོང་སྒྱུར་ཁང་པ་ཉོ་ཚོང་གན་རྒྱའི་རྩོད་གཞིའི་གྱོ ད་གཞི་ཞིབ་གཅོད་ཐད་སྤྱོད་པའི་བཅའ་ཁྲིམས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགྲེལ་བཤད》དོན་ཚན་བཅོ་ལྔའི་ནང་ས་ཁང་བདག་ཁོངས་གསར་སྤེལ་ཀུང་སིས་ཁང་པ་རྩིས་སྤྲོད་ནར་འགྱངས་བྱུང་བའི་གནས་ཚུལ་འོག་ཡིའུ་ག་གེ་མོས་ས་ཁང་བདག་ཁོངས་གསར་སྤེལ་ཀུང་སི་དེར་བདའ་འདེད་གཏོང་ཆོགགལ་ཏེ་བདའ་འདེད་བཏང་རྗེས་ས་ཁང་བདག་ཁོངས་གསར་སྤེལ་ཀུང་སི་དེས་ཟླ3གྱི་ལུགས་མཐུན་གྱི་དུས་བཀག་ནང་གན་རྒྱར་ཁ་ཆད་བྱས་པའི་ཁང་པ་ད་དུང་རྩིས་སྤྲོད་མ་བྱས་ཚེ་ཡིའུ་ག་གེ་མོར་གན་རྒྱ་རྩིས་མེད་དུ་གཏོང་བ་བདམས་ག་བྱེད་ཆོག་པའི་གཏན་འབེབས་བྱས་ཡོད།  །