མདུན་ཤོག- ཆབ་སྲིད་འཚོ་བ།- སྲིད་ཇུས་འགྲེལ་བཤད།

དེང་རབས་ཞིང་ལས་གོང་དུ་སྤེལ་བའི་སྲིད་ཇུས་ཀྱི་གནད་འགའ་གླེང་བ།(༧)

  མཚོ་སྔོན་བོད་ཡིག་གསར་འགྱུར།  2009-04-24 11:24

  
རང་
རྒྱལ་
ཁབ་
ཀྱི་
ས་
ཁུལ་
ཁག་
གི་
རང་
བྱུང་
ཆ་
རྐྱེན་
ལ་
ཁྱད་
པར་
འདྲ་
མིན་
སྣ་
ཚོགས་
ཡོད་
པ་
དང་།
དཔལ་
འབྱོར་
རམ་
སྤྱི་
ཚོགས་
འཕེལ་
རྒྱས་
ཀྱི་
ཆུ་
ཚད་
ཤིན་
ཏུ་
མི་
མཉམ་
པར་
འདུག་
པ་
དང་།
  
མི་
རིགས་
ཁག་
གི་
ལོ་
རྒྱུས་
དང་
རིག་
གནས་
སྲོག་
རྒྱུན་
ལའང་
ཁྱད་
པར་
ཆེ་
ཙམ་
ཡོད་
པ་
བཅས་
ཀྱི་
དབང་
གིས་
རབས་
ཞིང་
ལས་
སྤེལ་
བས་
ཡང་
དཔེ་
སྲོལ་
རྣམ་
པ་
སྣ་
ཚོགས་
ཡོད་
རུང་
བ་
ཡིན་
ཏེ།
ཞིང་
ལས་
ས་
ཁུལ་
དང་
རྫ་
རིས་
ཁུལ་
དང་
ནགས་
ཚལ་
ས་
ཁུལ་
དང་
ཕྱུགས་
ལས་
ས་
ཁུལ་
དང་
ཉ་
ལས་
ས་
ཁུལ་
བཅས་
ལ་
རང་
རང་
སོ་
སོའི་
ཁྱད་
ཆོས་
ཡོད་
ངེས་
ལ།
ཁྱད་
ཆོས་
དེ་
དག་
ལ་
མ་
བལྟས་
པར་
དེང་
རབས་
ཞིང་
ལས་
ལ་
མེད་
དུ་
མི་
རུང་
ཞིང་
ཁེ་
སྤོགས་
འཚོལ་
དམིགས་
ཡུལ་
མ་
ཡིན་
ལ་
ཞབས་
ཕྱི་
འདོན་
པ་
ཁོ་
ན་
རང་
གི་
འགན་
བབས་
སུ་
བརྩི་
བ་
དང་
རྒྱལ་
སྤྱིའི་
ཀུན་
རྒྱུག་
ལམ་
སྲོལ་
དང་
མཐུན་
པའི་
མཉམ་
ལས་
སྡེ་
ཚོགས་
ཏེ།
ཐོན་
སྐྱེད་
དང་
སྦྱོར་
བཟོ་
དང་
མཛོད་
ཉར་
དང་
དབོར་
འདྲེན་
དང་
འདོན་
འཚོང་
དང་
ཐེབས་
རྩ་
དང་
དངུལ་
ལོར་
བཅས་
ཀྱི་
ཕྱོད་
ནུས་
ལྡན་
པའི་
མཉམ་
ལས་
སྡེ་
ཚོགས་
འཛུགས་
རྒྱུ་
ནི་
དགོས་
གལ་
ཤིན་
ཏུ་
ཆེ་
བ་
ཡིན་
པས
ཞིང་
པའི་
ཆེད་
གཉེར་
དཔལ་
འབྱོར་
སྡེ་
ཚོགས་
ཀྱི་
མཉམ་
ལས་
བཅའ་
ཁྲིམས
ཞེས་
པ་
དེས་
གཏན་
ཕབ་
རྩ་
དོན་
གཞིར་
བཟུང་
ནས་
སྒྲིག་
འཛུགས་
དང་
འཐུས་
ཚང་
དུ་
གཏོང་
རྒྱུ་
ནི་
དེང་
རབས་
ཞིང་
ལས་
སྤེལ་
བར་
དགོས་
ངེས་
ཀྱི་
འགན་
ཐེག་
ཆ་
རྐྱེན་
ཡིན་
ལ།
ཐོན་
སྐྱེད་
ཆུང་
གྲས་
ནས་
སྤྱི་
ཚོགས་
ཅན་
གྱི་
ཐོན་
སྐྱེད་
ཆེ་
གྲས་
ལ་
འགྱུར་
བའི་
ངེས་
བསྟུན་
བགྲོད་
ལམ་
ཡིན་
པ་
མ་
ཟད།
དར་
རྒྱས་
སུ་
ཕྱིན་
པའི་
རྒྱལ་
ཁབ་
ཁག་
གིས་
དེང་
རབས་
ཞིང་
ལས་
སྤེལ་
བའི་
ཐུན་
མོང་
གི་
ཉམས་
མྱོང་
གལ་
ཆེན་
ཞིག་
ཀྱང་
ཡིན་
པས།
གཞན་
གྱི་
སྡེ་
ཚོགས་
གྲུབ་
སྟངས་
གང་
གིས་
ཀྱང་
ཚབ་
བྱེད་
མི་
ནུས་
པའི་
གདམ་
བྱར་
སྣང་
བ་
རེད།
འུ་
ཅག་
ལ་
བབས་
པའི་
ལས་
འགན་
ནི་
རང་
སའི་
གནས་
ཚུལ་
གཞིར་
བཟུང་
ནས་
ཡུལ་
གྱི་
དབང་
དུ་
ལུགས་
བཏོད་
ཅིང་
སྲོལ་
རྒྱུན་
གྱི་
ཞིང་
ལས་
བྱེད་
ཐབས་
ཀྱི་
ཉིང་
བཅུད་
དང་
དེང་
རབས་
ཀྱི་
སྔོན་
ཐོན་
ཞིང་
ལས་
ལག་
རྩལ་
དང་
དོ་
དམ་
ཉམས་
མྱོང་
བཅས་
ཕུང་
བོ་
གཅིག་
ཏུ་
ལེགས་
པར་
བསྒྲིལ་
ནས་
ཀྲུང་
གོའི་
ཁྱད་
ཆོས་
དང་
ལྡན་
པའི་
དེང་
རབས་
ཞིང་
ལས་
བསྐྲུན་
པར་
བརྩོན་
པ་
སྐྱེད་
དགོས་
པ་
རེད།