དཀོན་མཆོག་རབ་བརྟན་གྱི་བརྙན་པར། ཁག་དང་པོ།



དངོས་མིང་ལ་དཀོན་མཆོག་རབ་བརྟན་ཟེར་ཞིང་།དྲྭ་མིང་ལ་སྒར་མེ་སྟག པར་མིང་ལ་མ་བཅོས་སྣང་བ་ཟེར།2006ལོ་ནས་ལྷ་མོ་ཀིརྟི་དགོན་པའི་སློབ་ཆུང་འགྲིམས་ཤིང་།2010ལོ་ཐར་ཤུལ་དགོན་པའི་ཧི་མ་ལའི་གཙུག་ལག་སློབ་གླིང་དུ་ལོ་ལྔའི་རིང་ལསློབ་གཉེར་ལ་བརྩོན།ད་ལྟ་རང་དགོན་དུ་སློབ་གཉེར་གྱི་ཞོར་དུ་རང་གི་དགའ་ཕྱོགས་ལྟར།པར་རིས་སྒྱུ་རྩལ་དང་སྙན་ངག་སོགས་སུ་སྦྱོང་བཞིན་ཡོད།ཁོའི་པར་རིས་བརྩམས་ཆོས་ལ།གངས་གྲོང་གི་བྱིན་རླབས་དང་དབེན་དགོན་གྱི་ཞི་འཇམ་སོཊ་ཡོད་ལ།སྙན་ངག་ལ།ཆར་ཆེན་ཁྲོད་ཀྱི་བྱེའུ་ཆུང་།སྣང་བརྙན་གྱིས་བསླུས་པའི་ལོ་དང་ཟླ་བ།འགྱུར་བཞིན་པའི་མེ་ཏོག་ནག་པོ་སོཊ་འདུགཁོའི་རྒྱུན་པར་བཤད་རྒྱུར།པར་རིས་ནི་ལོ་རྒྱུས་ཀྱི་བདེན་དཔང་ལེགས་་ཤོས་དེ་ཡིན་ལ།སྙན་ངག་གིས་མི་ཡུལ་དུ་མཛེས་སྡུག་གཞན་ཞིག་འཚོལ་ཐུབ་ཟེར།

དཔྱད་མཆན 0 ཡོད།