མདུན་ཤོག- པར་མཛོད།- གནས་སྐོར་འདྲ་པར།

གནམ་མཚོ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2011-06-08 09:58

    《དུང་དཀར་ཚིག་མཛོད་ཆེན་མོ》ལས། བོད་ལ་ཡོངས་སུ་གྲགས་པའི་མཚོ་ཆེན་བཞིའི་གྲས་ཡིན། ལྷ་ས་ནས་ཐག་མི་རིང་བའི་འདམ་གཞུང་རྫོང་གི་ནུབ་ཕྱོགས་སུ་ཡོད་ཅིང་། མིང་གཞན་གནམ་མཚོ་ཕྱུག་མོ་ཡང་ཟེར། བོད་རང་སྐྱོང་ལྗོངས་འདམ་གཞུང་རྫོང་གནམ་མཚོ་ཆུས་ཁོངས་གནམ་མཚོ་ཤང་ཡོད་སར་གནམ་མཚོ་ཞེས་པའི་མཚོ་ཆེན་ཞིག་ཡོད་པ་དེ་ཡི་མིང་ཡིན། མཚོ་དེ་ཡི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1993ཡོད་ཅིང་། རྟ་ཞོན་ནས་དལ་འགྲོས་ཀྱིས་མཚོ་ལ་སྐོར་བ་ཕྱིན་ན་ཉིན11ལ་འཁོར་ཟེར་ཟོལ་ཡོད། བོད་རང་སྐྱོང་ལྗོངས་ཀྱི་ཚྭ་ཡི་ཐོན་ཁུངས་མཐོ་ཤས་གྲས་ཀྱི་མཚོ་ཞིག་ཡིན་དང་། མཚོ་མོའི་དབྱིབས་ནི་མཚོ་འགོ་ནུབ་ཕྱོགས་སུ་ཡོད་པ་དེ་རྒྱ་ཆེ་ཞིང་མཚོ་མཇུག་ཤར་ཕྱོགས་སུ་ཡོད་པ་ནི་རྒྱ་ཆུང་བ་ཐུར་མའི་དབྱིབས་དང་འདྲ་བ་ཞིག་ཡིན། འོན་ཀྱང་ས་ཁྲ་དཔར་སྐྲུན་ཁང་ནས་དཔར་བསྐྲུ་ན་བྱས་པའི་བོད་ཡིག་གི་ས་བཀྲའི་ནང་གནམ་མཚོ་དང་གནམ་མཚོ་ཕྱུག་མོ་ཟེར་བའི་མཚོ་མི་འདྲ་བ་ཁག་གཉིས་ཀྱི་མིང་བཀོད་འདུག་པས་ས་གནས་ངོ་མར་རྩད་ཞིབ་བྱ་དགོས།  །