ཀྲུང་གོ་བོད་ཀྱི་དྲ་བ།

2023ལོའི་རི་མཐོའི་སྟག་མའི་མེ་ཏོག་གླེང་སྟེགས་སེམས་ཀྱི་ཉི་ཟླ་རུ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

4.jpg

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས22ཉིན་ནི་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་ཉིན་མོ་ཡིན་ལ། ཀུའོ་ཁུ་དང་སུམ་རྩེན་ཚོགས་པས་མཉམ་འབྲེལ་ངང་སྤེལ་བའི“2023ལོའི་རི་མཐོའི་སྟག་མའི་མེ་ཏོག་གླེང་སྟེགས”བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་རུ་མཇུག་སྒྲིལ་པ།

ཚན་རིག་ཁྱབ་སྤེལ་དང་རིག་གནས། སྤྱི་ཕན་རྩ་འཛུགས། ཁེ་ལས་སོགས་ཀྱི་ཁྱབ་ཁོངས་ནས་ཡོང་བའིKOLདང་ཁེ་དབང་ཆེད་མཁས་མི་སྣ་མཉམ་དུ་འཛོམས་ནས་ཐུན་མོང་མ་ཡིན་པའི་ཐང་རྒོད་ཀྱི་གྲོས་མོལ་ཞིག་བཏོན།

གླེང་སྟེགས་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་། རང་བྱུང་མི་ཆོས་འབྲེལ་བ། ལྗང་མདོག་འཛད་སྤྱོད་དངESG(ཁོར་ཡུག སྤྱི་ཚོགས། ཁེ་ལས་དོ་དམ)ལག་ལེན་སོགས་བརྗོད་དོན་གཙོ་བོ་བྱས་ནས་དཔྱད་བསྡུར་བྱས།

ཡུལ་དངོས་སུ་ད་དུང་རི་མཐོའི་སྟག་མའི་མེ་ཏོག་བརྗོད་གཞིའི་པར་རིགས་འགྲེམ་སྟོན་བཀོད་སྒྲིག་བྱས་པས་ཐད་ཀར་གྱིས་རི་མཐོའི་སྟག་མའི་མེ་ཏོག་གི་མཛེས་པ་མངོན། 

གླེང་སྟེགས་སྟེང་ཀུའོ་ཁུ་དང་སུམ་རྩེན་ཚོགས་པས་ཡུལ་དངོས་སུ་འཐབ་ཇུས་མཉམ་ལས་ཁྱབ་བསྒྲགས་མཛད་སྒོ་སྤེལ་ཞིང་། ཕྱོགས་གཉིས་རང་གི་ཁྱབ་ཁོངས་ཀྱིESGའདུ་ཤེས་དར་སྤེལ་བྱེད་མཁན་དང་ལག་བསྟར་བྱེད་མཁན་ཡིན་པའི་ཆ་ནས། སྐྱེ་དངོས་སྣ་མང་རབ་བཞིན་སྲུང་སྐྱོང་དང་། མི་ཆོས་དང་ཁོར་ཡུག་ཟུང་འབྲེལ་བྱེད་པའི་འཚོ་བའི་ཐབས་སྤྱོད་པ། ESGལག་ལེན་དང་འཚོལ་ཞིབ་སོགས་ཀྱི་ཕྱོགས་ནས་རྒྱུན་མཐུད་ངང་མཉམ་ལས་སྤེལ། དེ་དང་ཆབས་ཅིག་ཁྱབ་ཁོངས་མང་པོ་དང་མཉམ་འབྲེལ་བྱས་ནསESGལག་ལེན་དང་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་བའི་ཐབས་ལམ་འཚོལ་སྲིད། །

6.jpg

3.jpg

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།