ཀྲུང་གོ་བོད་ཀྱི་དྲ་བ།

ཡུལ་སྐོར་བས་སྟག་མཆོང་འགག་ཏུ་གངས་རི་དང་གྲོག་རོང་གི་མཛེས་ལྗོངས་ཉམས་སུ་མྱངས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས17ཉིན། ཡུལ་སྐོར་བ་ཚོས་སེམས་ཀྱི་ཉི་ཟླ་སྟག་མཆོང་འགག་རི་ལམ་རྐང་ཐང་ལམ་ཐིག་ཁྲོད་མགྲོན་ཁང་ཆུང་ཆུང་ནང་དུ་ངལ་གསོ་བཞིན་གངས་རི་དང་གྲོག་རོང་གི་མཛེས་ལྗོངས་ལ་གཟིགས་པ་དང་། སྟག་མཆོང་འགག་རི་ལམ་རྐང་ཐང་ལམ་ཐིག་དེ་ནི“འཛམ་གླིང་གི་ཕུལ་བྱུང་རྐང་ཐང་ལམ་ཐིག་བཅུ་ཡི་གྲས་ཡིན”ལ་སྤྱིའི་རིང་ཚད་ལ་སྤྱི་ལེ20ལྷག་ཡོད། ལམ་ཐིག་དེས་ཉེན་ཁ་ཆེ་ཞིང་ངོ་མཚར་ལྡན་པ། མཛེས་ལྗོངས་ཡག་པ་བཅས་ཀྱིས་མིང་དུ་གྲགས་པ་རེད། ལམ་ཐིག་དེ་ནི་ཧ་པཱ་གངས་རིའི་འདབས་སུ་ཆགས་ཤིང་། རི་འདབས་སུ་འབྲི་ཆུ་རྒྱུག་པ་མ་ཟད་གཙང་པོའི་ཕ་རོལ་ནི་སྨུག་སྤྲིན་དུ་ཟུག་པའི་གཡུ་ལུང་གངས་རི་ཡིན། ལམ་ཧྲིལ་བོར་ནགས་ཚལ་དང་གྲོག་རོང་། གནའ་ལམ། རྦབ་ཆུ་སོགས་ཀྱི་མཛེས་ལྗོངས་ཀྱིས་ཁེབས་པས། ལོ་རེར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྲི་ཕྲག་གནས་དེར་རྐང་ཐང་དུ་བསྐྱོད་བཞིན་ཡོད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།