ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླའི་སྐབས་བཅོ་ལྔའི་སློབ་གྲྭ་འབྲིང་ཆུང་སློབ་མའི་རྩོམ་ཡིག་འགྲན་བསྡུར་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས15ཉིན། བདེ་ཆེན་ཁུལ་རིག་གནས་ཡུལ་སྐོར་ཅུའུ་དང་བདེ་ཆེན་ཁུལ་སློབ་གསོ་ལུས་རྩལ་ཅུའུ་ཡིས་གཙོ་འགན་ཁུར་ཞིང་། བདེ་ཆེན་ཁུལ་དཔེ་མཛོད་ཁང་་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུའུ་ཡིས་གཉེར་འགན་ཁུར་བའི་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླའི་སྐབས་བཅོ་ལྔ་པའི་སློབ་གྲྭ་འབྲིང་ཆུང་སློབ་མའི་རྩོམ་ཡིག་འགྲན་བསྡུར་དངོས་སུ་མགོ་བརྩམས་པ་རེད།

ཤེས་གསལ་ལྟར་ན། བྱ་འགུལ་དེ་ཟླ5བའི་ཚེས31བར་དུ་སྤེལ་རྒྱུ་ཡིན་ལ། འགྲན་བསྡུར་ནང་མཐོ་འབྲིང་རུ་ཁག་དང་དམའ་འབྲིང་རུ་ཁག སློབ་ཆུང་རུ་ཁག་བཅས་ཚན་ཆུང་གསུམ་དུ་བཀར་ཡོད། དམའ་འབྲིང་དང་མཐོ་འབྲིང་སློབ་གྲྭས་རང་འགུལ་གྱིས་བདམས་ནས་ཡུལ་དངོས་སུ་རྩོམ་འབྲི་བ་དང་ཕུལ་བྱུང་རྩོམ་ཡིག་གདམ་རྒྱུ་དང་། སློབ་ཆུང་སོ་སོས་སློབ་མ་རྩ་འཛུགས་བྱས་ནས་སློབ་ཁྲིད་སྟེང་དུ་རྩོམ་ཡིག་བྲིས་ནས་གསེད་བདམས་བྱེད་རྒྱུ་དང་། བསྡོམས་པས་མཐོ་འབྲིང་སློབ་མའི་རྩོམ་ཡིག55དང་དམའ་འབྲིང་སློབ་མའི་རྩོམ་ཡིག50། སློབ་ཆུང་རེར་ཕུལ་བྱུང་རྩོམ་ཡིག6བཅས་བདམས་ནས་གཅིག་སྡུད་དཔྱད་དཔོག་རིམ་པར་ཞུགས་རྒྱུ་རེད། ཐེངས་འདིའི་སློབ་གྲྭ་ཆུང་འབྲིང་རྩོམ་ཡིག་འགྲན་བསྡུར་ཁྲོད་བདེ་ཆེན་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་དགེ་རྒན་གདན་འདྲེན་ཞུས་ནས་འགྲན་བསྡུར་ནང་ཞུགས་པའི་རྩོམ་ཡིག་ལ་མིང་མི་འགོད་པ་དང་སློབ་གྲྭའི་མི་འགོད་པའི་དཔྱད་དཔོག་བྱ་རྒྱུ་རེད། དཔྱག་དཔོག་ཁྲོད་འདྲ་མཉམ་དང་དྲང་གཞག་གི་རྩ་དོན་སྲུང་ནས་གཙོ་འགན་ཁུར་ཕྱོགས་ཀྱིས་གོ་རིམ་ཧྲིལ་བོར་ལྟ་ཞིབ་བྱས་ནས། འགྲན་བསྡུར་གྱིས་ཨང་དང་པོ་དང་གཉིས་པ། གསུམ་པ། ཕུལ་བྱུང་དགའ་རྟགས། རྟིང་སྐུལ་དགའ་རྟགས་བཅས་བཀོད་སྒྲིག་བྱས་ཡོད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།