ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་དཔེ་མཛོད་ཁང་གིས་བྱེད་ཐབས་སྣ་མང་སྤྱད་དེ་དམངས་ཡོངས་དཔེ་ཀློག་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བདེ་ཆེན་ཁུལ་དཔེ་མཛོད་ཁང་གིས་མུ་མཐུད་དུ་རིག་གནས་གཡུལ་ས་རྒྱ་སྐྱེད་དང་། དཔེ་ཀློག་བྱ་འགུལ་དང་ཞབས་ཞུ་བྱེད་ཐབས་གསར་གཏོད་བྱས་ནས་བྱེད་ཐབས་སྣ་མང་སྤྱད་དེ་དམངས་ཡོངས་དཔེ་ཀློག་ལས་དོན་ལ་སྐུལ་འདེད་བཏང་།

2022ལོར། བདེ་ཆེན་དཔེ་མཛོད་ཁང་གིས་རྒྱུན་མཐུད་ངང་གཞི་རིམ་སྤྱི་པའི་རིག་གནས་ཞབས་ཞུ་དྲ་རྒྱའི་མ་ལག་བསྐྲུན་ནས། “གངས་ལྗོངས་དུས་ཚོད24རིག་ལྡན་དཔེ་ཁང”འཛུགས་སྐྲུན་བྱས་ནས་བེད་སྤྱོད་བྱས་པ་དང་། དཔེ་ཁང་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སྨི107 དང་། དཔེ་དེབ3000ཉར་ཚགས་བྱས་ཡོད། དཔེ་ཁང་འཛུགས་སྐྲུན་བྱས་པ་དེས་བདེ་ཆེན་ཁུལ་དཔེ་མཛོད་ཁང་གི་སྤུས་ལེགས་དཔེ་དེབ་ཐོན་ཁུངས་དང་དཔེ་ཀློག་ཞབས་ཞུའི་ཕྱིར་མཆེད་རྒྱ་སྐྱེད་པ་རེད། དཔེ་ཁང་བཙུགས་པའི་ཚུན་ཀློག་པ་པོ5000ལ་ཞབས་ཞུ་སྒྲུབ་པ་དང་། དེ་དང་ཆབས་ཅིག་ཏུ“ཕུ་འདའ་མཚོ་རྒྱལ་ཁབ་སྤྱི་གླིང་པས་འཐག་མཚོའི་སྐྱེ་ཁམས་སློབ་གསོ་དཔེ་མཛོད་ཁང”སྒོ་འབྱེད་རྗེས“ཆེས་མཛེས་སྤྱི་པའི་རིག་གནས་བར་གསེང”དུ་བདམས་ནས་ཕུ་འདའ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་སྐྱེ་ཁམས་དཔལ་ཡོན་སློབ་གསོའི་ཐེག་བྱེད་གལ་ཆེན་ཞིག་ཏུ་གྱུར་ཞིང་། སྤྱི་དམངས་ལ་རང་བྱུང་དང་ཉེ་བའི་སྐྱེ་ཁམས་སློབ་གསོ་ས་གནས་མཁོ་འདོན་བྱས་པ་མ་ཟད། རིག་གནས་འཛུགས་སྐྲུན་དང་ཡུལ་སྐོར་དམངས་ཕན་གྱི་བགྲོད་ལམ་གསར་བའི་སྒོ་འབྱེད་པ་རེད། གཞན་ཡང“གངས་ལྗོངས་ཚད་ལྡན་ཡིག་ཆ·སེམས་ཀྱི་ཉི་ཟླའི་དཔེ་ཁང”འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་བ་དང་། དེ་ནང་ས་གནས་ཚད་ལྡན་ཡིག་ཆ་ཐོན་ཁུངས་དང་བདེ་ཆེན་གྱི(རྩོམ་པ་པོ། སྙན་ངག་པ། ཆེད་མཁས་པ། མཁས་དབང)བརྩམས་ཆོས་འགྲེམས་སྟོན་ཁུལ། ས་ཆ་གཞན་པའི་བདེ་ཆེན་གྱི་སེམས་ཀྱི་ཉི་ཟླ་བྲིས་པའི་བརྩམས་ཆོས་དང་རིག་གནས་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་ཁུལ་སོགས་བསྡུས་ནས། ཀློག་པ་པོ་རྣམས་ལ་སྔར་ལས་ལྷག་པའི་ཐོན་ཁུངས་དང་ཞབས་ཞུ་མཁོ་འདོན་བྱས།

2022ལོར། བདེ་ཆེན་ཁུལ་དཔེ་མཛོད་ཁང་གིས“དྲ་ཐོག+ཡུལ་དངོས”མཉམ་དུ་ཤུགས་བཏོན་ཏེ། དམངས་ཡོངས་དཔེ་ཀློག་ཁྱབ་གདལ་བྱ་འགུལ་ཧུར་ཐག་གིས་སྤེལ་ནས། ཕྱོགས་ཡོངས་ནས་དཔེ་ཀློག་གཡུལ་ས་བསྐྲུན་པ་དང་། “དཔེ་ཀློག་བཟང་། དཔེ་ཡག་ཀློག དཔེ་ཀློག་དགའ”བཅས་ཀྱི་ཁོར་ཡུག་ཡག་པོ་བསྐྲུན། གཞན་ཡང4·23“འཛམ་གླིང་དཔེ་ཀློག་ཉིན་མོའི”བྱ་འགུལ་རབ་དང་རིམ་པ་སྤེལ་ནས་ཡུལ་དངོས་སུ“ཏང་གི་ཚོགས་ཆེན་ཉི་ཤུ་པ་བསུས་ནས་དུས་རབས་གསར་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་འབད་འབུངས་བསྐྱོད”ཅེས་པའི་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླའི་སྐབས་བཅུ་བཞི་བའི་སློབ་གྲྭ་ཆུང་འབྲིང་གི་དཔེ་ཀློག་འགྲན་བསྡུར་བྱ་འགུལ་སྤེལ། ན་ནིང་གི་ལོ་མཇུག་བར་དུ་བདེ་ཆེན་ཁུལ་དཔེ་མཛོད་ཁང་སྐད་འཕྲིན་སྤྱི་རྟགས་གི་ཐུགས་ཁུར་མི་གྲངས1580དང་དྲ་ཐོག་གི་འགྲེམ་སྟོན་ཐེངས8 ། དཔེ་ཀློག་བྱེད་མཁན་བསྡོམས་པས་མི30126ཟིན་ཡོད། སྤོ་སྒུལ་དཔེ་མཛོད་ཁངAPPཕབ་ལེན་བྱེད་ཚད25316དང་བེད་སྤྱོད་བྱེད་ཚད་ཐེངས87563ལ་སླེབས་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།