ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་དང་པོར་ཡུན་ནན་ཞིང་ཆེན་གྱི་དབུལ་ཐར་རྫོང་གི་ཞིང་སྡེ་སྡོད་དམངས་ཀྱི་ཡོང་འབབ་དུས་མཉམ་ལས5.7%འཕར་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས9ཉིན། རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡུན་ནན་བརྟག་བཤེར་སྤྱི་ཁྱབ་རུ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། དུས་ཚིགས་དང་པོར། ཡུན་ནན་ཞིང་ཆེན་དབུལ་ཐར་རྫོང་གི་ཞིང་སྡེ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར3855ལ་སླེབས་པ་དང་དུས་མཉམ་ལས5.7%འཕར་ཞིང་། ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར3952དང་བསྡུར་ན་བར་ཁྱད་ཇེ་ཆུང་དུ་སོང་ཡོད། དབུལ་ཐར་རྫོང་གི་ཞིང་སྡེ་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་འཚོ་བའི་འཛད་སྤྱོད་འགྲོ་གྲོན་སྒོར3358ཡིན་པ་དང་དུས་མཉམ་ལས10.3%འཕར་ཡོད། ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།