ཀྲུང་གོ་བོད་ཀྱི་དྲ་བ།

ནགས་ཕག་མཚོ་འགྲམ་རྒྱུད་ཀྱི་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་རིམ་བཞིན་ཇེ་མང་དུ་གྱུར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-02-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

3.jpg

4.jpg

5.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཕག་མཚོ་སྟེ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་ཁོར་ཡུག་བཅོས་སྐྱོང་ཐད་ཤུགས་བསྣན་ནས། སྐྱེ་ཁམས་ཁོར་ཡུག་འདུ་ཤེས་གཏིང་ཇེ་ཟབ་བཏང་བས་ཁྱབ་ཁོངས་ནང་གི་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་ཇེ་ལེགས་སུ་ཕྱིན་པ་དང་། གནས་དེར་དགུན་སྒྲོལ་བྱེད་དུ་འཕུར་ཡོང་བའི་དགུན་བྱ་ཡང་སྔར་ལས་ཇེ་མང་དུ་གྱུར། ཆེད་མཁས་མི་སྣས་ཟིན་བཀོད་ལྟར་ན། རྒྱལ་ཁབ་ཀྱི་རིམ་པའི་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་ཁོ་ན་ད་ལོར་དགུན་སྒྲོལ་གྲངས་འབོར500ལས་བརྒལ་ནས་ཟིན་ཐོ་གསར་བ་བསྐྲུན་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།