ཀྲུང་གོ་བོད་ཀྱི་དྲ་བ།

ཕུ་འདའ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་ཡུལ་སྐོར་པ་ཇེ་མང་དུ་གྱུར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-02-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས13ཉིན། གསར་འགོད་པས་ཕུ་འདའ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་ཡུལ་སྐོར་པ་མང་པོས་ཁངས་རྩེད་བྱེད་པ་དང་གྲང་ངར་ལྡན་པའི་གདུང་འདེགས་འཕྲང་ལམ་དུ་པར་རྒྱག་བཞིན་པ་མཐོང་།

རྒྱུས་ལོན་ལྟར་ན། 2023ལོའི་དཔྱིད་གསར་དུས་ཆེན་རིང་ཕུ་འདའ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་བསྡོམས་པས་ཡུལ་སྐོར་པ26736སྣེ་ལེན་བྱས་པ་དང་། དཔྱིད་གསར་དུས་ཆེན་རིང་གི་སྣེ་ལེན་ཚད2019ལོའི་དུས་མཉམ་ཆུ་ཚད་དང་འདྲ་མཉམ་རེད། ཟླ1པོར་ཡུལ་སྐོར་པ61066སྣེ་ལེན་བྱས་པ་དུས་མཉམ་ལས1290.7%འཕར་ཡོད་པས། ཟླ2པར་འགྲུལ་རྒྱུན་རྒྱུན་མཐུད་ངང་ཇེ་མང་དུ་ཕྱིན་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།