ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་རྫོང་གིས་བརྟན་བརླིང་ངང་ཞིང་འབྲེལ་རྣམ་གྲངས་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བདེ་ཆེན་རྫོང་གྲོང་གསེབ་དར་སྤེལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2022ལོར་བདེ་ཆེན་རྫོང་གིས་བརྟན་བརླིང་ངང་ཞིང་འབྲེལ་རྣམ་གྲངས་ལ་སྐུལ་འདེད་དང་། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་སྟེ། གྲོང་གསེབ་དར་སྤེལ་རྨང་གཞི་ཇེ་བརྟན་དུ་བཏང་། 

རྒྱུས་ལོན་པ་ལྟར་ན། 2022ལོར་བདེ་ཆེན་རྫོང་གྲོང་གསེབ་དར་སྤེལ་ཅུའུ་ཡིས་ཧུར་ཐག་གིས་ཁུལ་གྲོང་གསེབ་དར་སྤེལ་ཅུའུ་དང་སྦྲེལ་མཐུད་སྙན་སེང་ཞུས་པ་དང་། བདེ་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་ལས་བགོས་འགན་གཉེར་མགོ་ཁྲིད་འཐད་པ་བྱུང་བ་བརྒྱུད། སྔ་རྗེས་སུ་རྣམ་གྲངས་ལག་བསྟར་ཤང(གྲོང་རྡལ)དང་སྡེ་ཚན་བསྡུས་ནས་ནོར་སྲིད་ཞིང་འབྲེལ་མ་དངུལ་སྤྱོད་པའི་དུས་རིམ་བར་མའི་ལེགས་སྒྲིག་ལས་དོན་སྤེལ་བར་སྤྱི་འདོམས་བསྡུ་སྒྲིལ་བྱས་ཤིང་། “གཟའ་འཁོར་རེ་ལ་སྐུལ་འདེད་རེ། ཉིན་བཅུ་རེར་བཀོད་གཏོང་རེ། ཟླ་རེར་བརྡ་ཁྱབ་རེ”ཡི་བྱེད་ཐབས་སྤྱད་ནས་རྣམ་གྲངས་མ་དངུལ་དོ་དམ་ལ་ཤུགས་བསྣན་པ་རེད། གཞན་ཡང་ལོ་ཧྲིལ་བོར་ཞིང་འབྲེལ་རྣམ་གྲངས63སྒོར་ཁྲི29577བཀོད་སྒྲིག་བྱས་ནས་རྣམ་གྲངས་ཡོངས་རྒྱལ་ཡོངས་ཀྱི་ཡང་བསྐྱར་དབུལ་བོར་མི་འགྱུར་བའི་ལྟ་ཞིབ་ཚད་ལེན་ཆ་འཕྲིན་མ་ལག་ནང་བཅུག་པ་རེད།

བདེ་ཆེན་རྫོང་དབུལ་ཐར་མི་གྲངས་ཀྱི་འབོར་ཆུང་དངུལ་བུན་ལ་འགན་ལེན་དང་གཏའ་མར་འཇོག་མི་དགོས་པ་དང་། རྩིས་གཞི་ཁེ་སྤོགས་ཚད་ཀྱི་དངུལ་བུན་གཏོང་བ། ནོར་སྲིད་ཀྱིས་སྐྱེད་ཀ་སྤྲོད་པ། ཉེན་ཁའི་ཁ་གསབ་དངུལ་ཀྱི་སྲིད་ཇུས་སྐྲུན་པའི་ཡིག་ཆའི་དགོངས་པ་ལྟར། དབུལ་ཐར་མི་གྲངས་ཀྱི་འབོར་ཆུང་དངུལ་བུན་ལས་དོན་སྤེལ་བའི་ཚུན། རྫོང་ཡོངས་ཀྱིས་འབོར་ཆུང་དངུལ་བུན་མ་དངུལ་ཐེངས1516སྒོར་ཁྲི7287.3བཏང་ཞིང་། ནོར་སྲིད་ཀྱིས་སྐྱེད་ཀ་སྤྲད་པའི་སྒོར་ཁྲི583ཟིན་པ། མ་དངུལ་དེ་དག་གཙོ་བོ་དབུལ་ཐར་ཁྱིམ་ཚང་དང་མཐའ་མཚམས་ཁྱིམ་ཚང་གིས་ཐོན་སྐྱེད་དང་ཚོང་གཉེར་སྤེལ་ནས་ཡོང་འབབ་འཕར་བར་རྒྱར་སྐྱོར་བྱེད་པ་བཅས་ཀྱི་ཐད་སྤྱད་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།