ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སར་རྗེས་སུ་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་པ་སྔར་བཞིན་ཇེ་མང་དུ་གྱུར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

3.jpg

སེམས་ཀྱི་ཉི་ཟླ་རྡོ་མཁར་རྫོང་གནའ་གྲོང་གི་ཡུལ་སྐོར་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱ་ལོ་བཅོ་ལྔ་རོལ་མ་ཐག་ཏུ་བདེ་ཆེན་མཐོ་སྒང་གི་ནམ་ཟླ་ཇེ་ཡག་ཏུ་སོང་ཞིང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་རྣམས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་སླེབས་ནས། ཡུལ་སྐོར་པ་ལ་ལས་མི་རིགས་ཀྱི་གཟབ་མཆོར་སྤྲས་ནས་པར་རྒྱག་པ་དང་། ལ་ལས་སྐམ་ཤ་སོགས་ཀྱི་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་ཉོ་བ། ལ་ལ་རྡོ་མཁར་རྫོང་གནའ་གྲོང་གི་རི་བོར་འཛེགས་ནས་སྤྱི་གླིང་གི་མཛེས་ལྗོངས་ལ་གཟིགས་བཞིན་ཡོད། ལོ་གསུམ་རིང་གི་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་རྗེས་བདེ་ཆེན་ཡུལ་སྐོར་སླར་གསོ་བྱུང་བཞིན་པའི་སྒང་ཡིན་ལ། གནའ་གྲོང་གི་ཚོང་བ་རྣམས་ཀྱིས་ཚོང་ཁང་གི་སྒོ་ཕྱེས་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་པ་བསུ་བཞིན་ཡོད་པས། རིམ་བཞིན་རིམས་ནད་མ་བྱུང་སྔོན་གྱི་རྣམ་པ་མངོན་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།