ཀྲུང་གོ་བོད་ཀྱི་དྲ་བ།

དཔྱིད་གསར་དུས་ཆེན་རིང་བདེ་ཆེན་དུ་ཡུལ་སྐོར་པ་རིམ་བཞིན་ཇེ་མང་དུ་ཕྱིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས31ཉིན། (རྒྱ་ལོའི་ཚེས་བཅུ)གསར་འགོད་པས་ཇོ་བོ་ནམ་མཁའ་བཀྲ་ཤིས་ལྗོངས་གཟིགས་སྟེགས་བུ་རུ་མི་ཤིན་ཏུ་མང་བ་དང་ཡུལ་སྐོར་པ་རྣམས་ཀྱིས་སྨན་རི་གངས་རིའི་མཛེས་ལྗོངས་ལ་གཟིགས་བཞིན་ཡོད་པ་མཐོང་། 

མཛེས་ལྗོངས་ཁུལ་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། དཔྱིད་གསར་དུས་ཆེན་སླེབས་པའི་ཚུན་ཉིན་རེ་རེར་ཆ་སྙོམས་མི1000ལྷག་གིས་པ་སེ་ཉོས་ནས་ལྗོངས་གཟིགས་སྟེགས་བུ་སྟེང་དུ་བསྐྱོད་དེ། མི་ཆེས་མང་པོའི་དུས་སུ་ཉིན་རེར1600ལྷག་སླེབས་པས། ཉེ་བའི་ལོ་འགའི་རིང་གི་དཔྱིད་གསར་དུས་ཆེན་གྱི་འགྲུལ་རྒྱུན་ཆེས་མང་པའི་ལོ་ཡིན། གཞན་ཡང་། མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཇེ་མང་དུ་ཕྱིན་པས་ཡུས་པིན་གྲོང་ཚོའི་མགྲོན་ཁང་དུ་མིས་ཁེངས་བ་དང་། མིན་ཡོན་འཁྱགས་རོམ་དུ་ཡང་ཉིན་རེར་མི300ལྷག་གི་འགྲུལ་རྒྱུན་ཡོད་ཅེས་བརྗོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།