ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ནགས་ཕག་མཚོ་བརླན་ས་རུ་དགུན་སྒྲོལ་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ལོ་རྒྱུས་ཀྱི་ཟིན་ཐོ་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-02-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

3.jpg

4.jpg

5.jpg

6.jpg

པར་འདི་དག་ནི་ནགས་ཕག་མཚོ་བརླན་སའི་ཁྲུང་ཁྲུང་སྐེ་ནག་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ནགས་ཕག་མཚོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཡིས་ལྷོ་ནུབ་ནགས་ལས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ལི་ཆང་གི་རུ་ཁག་དང་མཉམ་འབྲེལ་སྒོས་ནགས་ཕག་མཚོ་རྒྱལ་སྤྱིའི་བརླན་ས་གཙོ་བོའི་དགུན་སྒྲོལ་ཁྲུང་ཁྲུང་རིགས་ཀྱི་བརྟག་དཔྱད་ལེགས་འགྲུབ་བྱས།

བརྟག་དཔྱད་མཇུག་འབྲས་ལས་མངོན་པ་ལྟར་ན། མིག་སྔར་ནགས་ཕག་མཚོ་རྒྱལ་སྤྱིའི་བརླན་ས་གཙོ་བོ་རུ་དགུན་སྒྲོལ་བཞིན་པའི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར510ཟིན་པ་དང་། དེ་ན་ནིང་གི་དགུན་དུས་དང་བསྡུར་ན123ཇེམང་དུ་སོང་ཡོད། བརླན་ས་འཛུགས་སྐྲུན་གྱི་དུས་མགོ་དང་བསྡུར་ན220ཇེ་མང་དུ་སོང་ཡོད་པས། འཕར་བའི་བསྡུར་ཚད75.9%སླེབས་ནས་བརླན་ས་འཛུགས་སྐྲུན་བྱས་པའི་ཚུན་གྱི་ཆེས་མཐོ་བའི་ཟིན་ཐོ་བསྐྲུན། གཞན་ཡང་ཐེངས་འདིའི་བརྟག་དཔྱད་ཁྲོད་ད་དུང་ཁྲུང་ཁྲུང་སྐྱ་བོ46དང་བཞད་ནག81ཟིན་ཐོར་བཀོད་པ་ཡིན། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།