ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱི་སྦྲག་སྲིད་ལས་རིགས་འཁོར་སྐྱོད་བརྟན་བརླིང་ཡིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བདེ་ཆེན་ཁུལ་སྦྲག་སྲིད་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2022ལོར་བདེ་ཆེན་ཁུལ་ཡོངས་ཀྱི་སྦྲག་སྲིད་ལས་རིགས་འཁོར་སྐྱོད་བརྟན་བརླིང་ཡིན་ལ། སྦྲག་སྲིད་སྐྱེལ་འདྲེན་བགྲོད་ལམ་བདེ་འཇགས་ཤར་གཏོང་ཡིན་པ། ཞབས་ཞུའི་སྤུས་ཚད་བརྟན་བརླིང་ངང་མཐོ་རུ་ཕྱིན་པས་རིགས་སོ་སོའི་ལས་དོན་ཐད་གྲུབ་འབྲས་མངོན་གསལ་ཐོབ་ཡོད།

རྒྱུས་ལོན་པ་ལྟར་ན། ན་ནིང་གི་ཟླ1པོ་ནས་ཟླ11བར་བདེ་ཆེན་ཁུལ་སྦྲག་སྲིད་ལས་རིགས་ལས་སྒོའི་ཡོང་འབབ(སྦྲག་སྲིད་གསོག་དངུལ་དངུལ་ཁང་གི་ཐད་ཀར་ལས་གཉེར་ཡོང་འབབ་ནང་དུ་མི་ཚུད་པ)བསྡོམས་རྩིས་བྱས་ནས་སྒོར་ཁྲི8443.4ལེགས་འགྲུབ་བྱུང་ཞིང་། སྦྲག་སྲིད་ལས་རིགས་སྐྱེལ་འདྲེན་ལས་སྒོའི་ཚད་བསྡོམས་རྩིས་བྱས་ན་ཁྲི1019.83ཟིན་ཡོད། 2022ལོའི་ཟླ12པའི་ཟླ་མཇུག་བར་དུ་བདེ་ཆེན་ཁུལ་དུ་བསྡོམས་པས་མྱུར་སྐྱེལ་སྤུས་རྟགས10ཡོད་པ་དང་། ཐོ་འགོད་བྱས་པའི་དམངས་གཉེར་མྱུར་སྐྱེལ་ཁེ་ལས28 ། སྦྲག་སྲིད་ཡོངས་ཁྱབ་ཞབས་ཞུ་ལས་གཉེར་དྲ་ཚིགས31 ། དེའི་ནང་གྲོང་ཁྱེར་དྲ་ཚིགས4དང་གྲོང་གསེབ་དྲ་ཚིགས27ཡོད། བདེ་ཆེན་ཁུལ་ཡོངས་སུ་སྦྲག་སྲིད་ལས་རིགས་ལ་བསྡོམས་པས་ལས་དོན་མི་སྣ555ཡོད་པ་དང་། རླངས་འཁོར54 ། རྐང་གསུམ་འཁོར་ལོ169བཅས་ཡོད། གྲོང་རྡལ་མྱུར་སྐྱེལ་དྲ་ཚིགས་ཁྱབ་ཚད96.6%ཟིན་པ་དང་གྲོང་རྡལ་མྱུར་སྐྱེལ་ཞབས་ཞུ་ཁྱབ་ཚད100%ཟིན།

2022ལོར་བདེ་ཆེན་ཁུལ་སྦྲག་སྲིད་དོ་དམ་ཅུའུ་ཡིས་མུ་མཐུད་དུ་སྦྲག་སྲིད་ཡོངས་ཁྱབ་ཞབས་ཞུ་དང་གསང་གནད་འཕྲིན་གཏོང་ལྟ་སྐུལ་འགན་སྲུང་ལ་ཤུགས་སྣོན་བརྒྱབ་པས་སྦྲག་སྲིད་ཞབས་ཞུ་ནུས་ལྡན་ངང་མཐོ་རུ་སོང་། ཡོངས་ཁྱབ་ཞབས་ཞུ་དང་། གསང་གནད་འཕྲིན་གཏོང་ཞབས་ཞུ། སྦྲག་རྟགས་ཕྱིར་འཚོང་ཞབས་ཞུ་སོགས་ཀྱི་ནུས་བ་བརྟེན་ཏན་ཏིག་གིས་ལྟ་སྐུལ་ཞིབ་བཤེར་ལས་དོན་སྤེལ་ནས་ལམ་ལུགས་རང་བཞིན་གྱི་ཞིབ་བཤེར་ལམ་སྲོལ་གྲུབ་པ་དང་། དངོས་གནས་ལྟ་སྐུལ་འགན་ནུས་ལག་བསྟར་དོན་འཁྱོལ་བྱས་ཡོད། མུ་མཐུད་དུ་མྱུར་སྐྱེལ་ཁྲོམ་རའི་ཁྲིམས་འཛིན་ཞིབ་བཤེབ་ལ་ཤུགས་སྣོན་བརྒྱབ་ནས་ལྟ་སྐུལ་ཞིབ་བཤེར་དེ་ལས་རིགས་ལྟ་སྐུལ་དོ་དམ་གྱི་ནུས་ལྡན་བྱེད་ཐབས་སུ་བཟུང་བས། མིག་སྔའི་བར་དུ་བསྡོམས་པས་ཁེ་ལས་དང་དྲ་ཚིགས167ལ་ཞིབ་བཤེར་དང་། བསྡོམས་པས་ཞིབ་བཤེར་ཁྲིམས་འཛིན་ལས་དོན་མི་སྣ་ཐེངས814མངག་གཏོང་བྱས་པ་མ་ཟད། 《བཅོས་སྒྱུར་བརྡ་ཐོ》26སྤྲད་པ་དང་། ཁེ་ལས1ཁ་བརྡ་བྱས་པ། གྱོད་དོན5ལ་ཐོ་འགོད་ཆད་པ་བཅད་པ། དངུལ་ཆད་སྒོར་ཁྲི4ཟིན་པ། 2022ལོའི་ཟླ10པའི་ཟླ་མཇུག་བར་དུ་བདེ་ཆེན་ཁུལ་ཡོངས་ཀྱི་གྲོང་རྡལ29ནང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་་ཉི་ཤར་ཤང་་མ་གཏོགས་རྫོང་དང་ཉེ་བའི་ས་ཆར་ཐད་ཀར་དུ་ཡི་གེ་སོགས་སྐྱེལ་ཆོག་པ་ལག་བསྟར་བྱས་ཤིང་། གཞན་གྲོང་རྡལ་28དུ་དམངས་གཉེར་མྱུར་སྐྱེལ་མཇུག་མཐའི་དྲ་ཚིགས་བཀོད་སྒྲིག་བྱས་པས་གྲོང་རྡལ་དུ་མྱུར་སྐྱེལ་དྲ་ཚིགས་ཁྱབ་ཚད96.6%ཟིན་ཞིང་། གྲོང་རྡལ་གྱི་མྱུར་སྐྱེལ་ཞབས་ཞུ་ཁྱབ་ཚད100%ཟིན་ཡོད། བདེ་ཆེན་ཁུལ་ཡོངས་སུ་སྒྲིག་གཞི་ཚང་བའི་གྲོང་ཚོ་བསྡོམས་པས192ཡོད་ལ། མྱུར་སྐྱེལ་གྲོང་ཚོར་ཐོན་པའི་བསྡོམས་འབོར163ཟིན་པ། སྒྲིག་གཞི་ཚང་བའི་གྲོང་ཚོར་མྱུར་སྐྱེལ་ཞབས་ཞུ་ཁྱབ་ཚད84.89%ཟིན་པས། རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང་གི80%དམིགས་ཚད་མངོན་འགྱུར་བྱུང་། གཞན་ཡང་། “མྱུར་སྐྱེལ+”རྣམ་གྲངས་ལ་སྐུལ་འདེད་བཏང་སྟེ་ཁེ་ལས་ཀྱིས་ཞབས་ཞུ་སྤུས་ཚད་མཐོ་རུ་གཏོང་བ་དང་སྐྱེལ་འདྲེན་ཡུན་ཚད་ལ་སྣེ་ཁྲིད་བྱས་པ་དང་། “མྱུར་སྐྱེལ+གློག་ཚོང+ཁྱད་ལྡན་ཞིང་ལས་ཐོན་རྫས”དཔེ་དབྱིབས་འཚོལ་ཞིབ་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས《བདེ་ཆེན་ཁུལ་སྦྲག་སྲིད་དོ་དམ་ཅུའུ་ཡིས་གློག་རྡུལ་ཚོང་དོན་དང་མྱུར་སྐྱེལ་དངོས་ཟོག་མཐུན་སྦྱོར་འཕེལ་རྒྱས་ཀྱི་འབྲེལ་ཡོད་ལས་དོན་ཇུས་འགོད》ལག་བསྟར་བྱེད་པར་སྐུལ་འདེད་བཏང་། མཉམ་ལས་འཕེལ་རྒྱས་ལམ་ལུགས་ཁོར་ཡུག་ཡག་པོ་བསྐྲུན་ནས་ཞབས་ཞུའི་དོ་དམ་ནུས་བ་མཐོ་རུ་བཏང་། བསྡོམས་རྩིས་ལྟར་ན། ན་ནིང་གི་ཟླ7ནས10པར་བདེ་ཆེན་ཁུལ་ཡོངས་ཀྱི་ཤ་མོའི་སྐྱེལ་འདྲེན་བྱེད་ཚད་ཁྲི18.09སླེབས་ཤིང་། སྤྱིའི་ཡོང་འབབ་སྒོར་ཁྲི836.07ཟིན་པ། མི88ལས་ཞུགས་བྱས་ནས་ཞིང་ལས་སྤྱིའི་ཐོན་འབོར་སྒོར་དུང་ཕྱུར1.35ཟིན།

2022ལོར་བདེ་ཆེན་ཁུལ་གྱི་སྦྲག་སྲིད་ལས་རིགས་ཉོ་སྒྲུབ་བེད་སྤྱོད་ཐུམ་སྒྲིལ་ཚད་ལྡན་རྒྱུ་ཆའི་ཚད93%ཟིན་པ་དང་། ཐིམ་སྒྲིལ་ཚད་ལྡན་བཀོལ་སྤྱོད་ཚད93%ཟིན་པ། གློག་རྡུལ་ཚོང་དོན་རིགས་ཀྱི་སྦྲག་སྲིད་མྱུར་སྐྱེལ་དངོས་ཟོག་ཐེངས་གཉིས་པར་ཐིམ་སྒྲིལ་མི་བྱེད་པའི་ཚད98%ཟིན་པ། འཁོར་སྐྱོད་བེད་སྤྱོད་མྱུར་སྐྱེལ་སྒམ་ཡང་བསྐྱར་སྤྱོད་པའི་ཚད་ཁྲི0.07ཟིན་པ། ཕྱིར་བསྡུ་བསྐྱར་སྤྱོད་ཤོག་སྒམ་གྲངས་ཀ་ཁྲི24.77ཟིན་པ། འཁོར་སྐྱོད་མྱུར་སྐྱེལ་སྒམ་ཆ་སྙོམས་ཐེངས29ལ་འཁོར་སྐྱོད་བེད་སྤྱོད་བྱེད་པ། འཁོར་སྐྱོད་བྱེད་པའི་ཐིམ་སྒྲིལ་ཁུག་མ་བསྐྱར་སྤྱོད་ཐེངས112བྱེད་པ། ནུས་རྒྱུ་གསར་བ་ཡང་ན་ནུས་རྒྱུ་གཙང་མའི་རླངས་འཁོར2བེད་སྤྱོད་བྱེད་པ། བསྡོམས་རྩིས་བྱས་ན་ཐིམ་སྒྲིག་སྙིགས་རོ་བསྡུ་ས74བཀོད་སྒྲིག་བཅས་བྱས་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།